རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་མང་ཚོགས་འགྲན་བསྡུར་གྱི་མཐའ་བསྡུར་སྔོན་དཔག་བྱས་ན་འགྲན་ཐེངས་3000ལྷག་ཙམ་ཟིན་རྒྱུ་ཡིན་པ།
རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་འགོ་ཚུགས་པ་ནས་བཟུང་། རྩལ་འགྲན་རྣམ་གྲངས་ཁག་ཕྱོགས་ཡོངས་ནས་འགྲན་བསྡུར་བྱས་པ་དང་དུས་མཚུངས་མང་ཚོགས་ཀྱི་འགྲན་བསྡུར་བྱེད་སྒོ་ཡང་མཐའ་བསྡུར་གྱི་དུས་མཚམས་སུ་སླེབས་ཤིང་། འགྲན་བསྡུར་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད། ཉེ་ཆར། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་མང་ཚོགས་ལུས་རྩལ་སིའི་འབྲེལ་ཡོད་འགན་འཁུར་བས་བཅར་འདྲི་དང་ལེན་བྱེད་སྐབས། མང་ཚོགས་འགྲན་བསྡུར་གྱི་མཐའ་བསྡུར་སྔོན་དཔག་བྱས་ན་འགྲན་ཐེངས་3000ལྷག་ཙམ་དང་ལུས་རྩལ་པ་ཁྲི་1.1ཟིན་རྒྱུ་རེད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།