དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རི་ཆུ་བརྒལ་བའི་འཚམས་འདྲི་ཞུས། འབྱུང་འགྱུར་ཕྱོགས་སུ་མཉམ་དུ་བསྐྱོད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཡའོ་ཅིང་།   |     སྤེལ་དུས།  2025-11-15

    ད་ལོ་ནི་ཀྲུང་གོ་དང་སི་ཕེན་གཉིས་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་ངོ་20འཁོར་བའི་ལོ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་སི་ཕེན་གྱི་རྒྱལ་པོ་ཧྥེ་ལི་ཕེ་སྐུ་ཐོག་དྲུག་པས་ཟླ་11ཚེས་10ནས་ཚེས་13ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བ་རེད། དེ་ནི་རྒྱལ་པོ་ཧྥེ་ལི་ཕེ་སྐུ་ཐོག་དྲུག་པ་ཁྲི་ལ་འཁོད་རྗེས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་ཐེངས་དང་པོ་ཡིན་ལ། སི་ཕེན་གྱི་རྒྱལ་པོས་ལོ་18ཀྱི་རྗེས་སུ་སླར་ཡང་ཀྲུང་གོར་འཚམས་འདྲི་བྱས་པ་ཞིག་ཀྱང་ཡིན་པས་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་རིམ་པ་མཐོ་པོས་འཁོར་རྒྱུག་དང་མཉམ་ལས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དེ་རིག་གནས་མི་འདྲ་བ་དང་ལམ་ལུགས་མི་འདྲ་བའི་རྒྱལ་ཁབ་མཛའ་མཐུན་མཉམ་གནས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་པས། ད་ཐེངས་ཀྱི་འཚམས་འདྲིས་ཀྲུང་གོ་དང་སི་ཕེན་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་ཐུབ་ངེས་ཡིན་པའི་ཡིད་ཆེས་ཀྱིས་ཁེངས་ཡོད།

    1973ལོར་ཀྲུང་གོ་དང་སི་ཕེན་གྱི་འགོ་ཁྲིད་པ་རྒན་རབས་ཀྱིས་སྤྱིར་བཏང་མིན་པའི་ལོ་རྒྱུས་ཀྱི་མིག་རྒྱང་ཐོག་ནས་ཀྲུང་གོ་གཅིག་གི་རྩ་དོན་གྱི་རྨང་གཞིའི་ཐོག་ཕྱི་འབྲེལ་འཛུགས་རྒྱུའི་འཐབ་ཇུས་ཀྱི་གདམ་ག་བྱས་པ་རེད། 1978ལོར་སི་ཕེན་གྱི་རྒྱལ་པོ་ཟུར་པ་ཧུའུ་ཨན·ཁ་ལུའོ་སི་སྐུ་ཐོག་དང་པོ་རྒྱལ་ཁབ་ཀྱི་གཙོ་བདག་ཡིན་པའི་ངོས་ནས་ཀྲུང་གོར་འཚམས་འདྲི་ཐེངས་དང་པོ་བྱས་ཡོད། 2018ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་ཕེན་དུ་ལོ་རྒྱུས་རང་བཞིན་གྱི་རྒྱལ་དོན་འཚམས་འདྲིར་ཕེབས་སྐབས་རྒྱལ་པོ་ཧྥེ་ལི་ཕེ་སྐུ་ཐོག་དྲུག་པས་སྤྲོ་སེམས་འཁོལ་པོས་མཛའ་མཐུན་གྱི་སྣེ་ལེན་ཞུས་པ་མ་ཟད། རྒྱལ་ཁབ་གཉིས་པོས《དུས་སྐབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སི་ཕེན་རྒྱལ་ལྡན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》ཀྱང་སྤེལ་བ་རེད།

    ཀྲུང་གོ་ནི་ཡོ་རོབ་མནའ་འབྲེལ་ཕུད་པའི་སི་ཕེན་གྱི་ཚོང་དོན་རོགས་ཟླ་ཆེ་གྲས་དང་པོར་གྱུར་ཡོད་པ་དང་། སི་ཕེན་ནི་ཡོ་རོབ་མནའ་འབྲེལ་ཁྲོད་ཀྱི་ཀྲུང་གོའི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཡིན་པས། ཕྱོགས་གཉིས་པོའི་ཉོ་ཚོང་གྲངས་འབོར་དེ་ཕྱི་འབྲེལ་འཛུགས་སྐབས་ཀྱི་ཨ་སྒོར་ཁྲི་2000ནས་2024ལོའི་ཨ་སྒོར་དུང་ཕྱུར་500ལྷག་ཙམ་བར་མཐོ་རུ་ཕྱིན་ནས་ལྡབ་2500ཙམ་འཕར་ཡོད། རྒྱལ་ཁབ་གཉིས་པོའི་ཁེ་ལས་ཀྱིས་ཕན་ཚུན་འཕེལ་རྒྱས་ཀྱི་མདུན་ལམ་ལ་ལྟ་སྟངས་ཡག་པོ་བཟུང་ནས་ཕྱོགས་གཉིས་ཀྱི་མ་འཇོག་རྒྱུན་ཆད་མེད་པར་ཆེ་རུ་དང་མཐུན་སྦྱོར་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་ཡོད། གློག་སྒུལ་རླངས་འཁོར་དང་། ནུས་རྒྱུ་གཙང་མ། གྲངས་འཛིན་དཔལ་འབྱོར་སོགས་གསར་དར་ཁྱབ་ཁོངས་སུ་ཀྲུང་གོ་དང་སི་ཕེན་གཉིས་པོས་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་བཏང་ནས། ལས་ཞུགས་ལས་གནས་དེ་བས་མང་བ་བཏོད་པ་དང་། ཕན་ཚུན་གྱི་དཔལ་འབྱོར་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་བ་མ་ཟད། གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་སྲུང་སྐྱོང་ཐུབ་རྒྱུར་ཡང་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

    རྒྱལ་ཁབ་གཉིས་པོའི་གཙོ་བདག་སྐུ་ངོ་མའི་ཐུགས་ཁུར་དང་འཐབ་ཇུས་ཀྱི་མཛུབ་ཁྲིད་འོག ཀྲུང་གོ་ཕྱོགས་ཀྱིས་སི་ཕེན་དང་མཉམ་དུ་མཛའ་གྲོགས་རྒྱུན་འཛིན་དང་། ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ། མཉམ་ལས་རྒྱ་སྐྱེད་བཅས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་མང་བ་བཏོད་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་དེ་བས་མཛེས་སྡུག་ལྡན་པའི་ལེའུ་གསར་པ་ཐུན་མོང་ཐོག་བརྩམས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོཌ་པ་འཛུགས་ཆེད་ལེགས་སྐྱེས་གསར་པ་འབུལ་འདོད་ཡོད་ལུཌ་བརྗོད་ཡོད།

    (རྩོམ་པ་པོ་ནི་སི་ཕེན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡའོ་ཅིན་ཡིན)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།