ཀྲུང་གོའི་ཁེ་ལས་ཀྱིས་ལ་ཏིང་མེ་གླིང་གི་ཐོག་མའི་གསར་གཏོད་ཁེ་ལས་ལ་གོ་སྐབས་བསྐྲུན་པ།
ལ་ཏིང་མེ་གླིང་ས་ཁུལ་གྱི་ལས་གཏོད་པའི་ངོས་ནས་བརྗོད་ན། ཀྲུང་གོའི་མ་འཇོག་མཁན་གྱིས་དེ་གར་མ་འཇོག་བྱེད་པ་དེ་གཏམ་བཟང་ཞིག་རེད།
ཀྲུང་གོའི་ཁེ་ལས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་ལ་ཏིང་མེ་གླིང་གི་ལས་སྒོ་ཤེས་རྟོགས་བྱེད་པ་དང་འབྲེལ་མི་མངོན་པའི་ཉོ་ཚོང་འཚོལ་ཞིབ་བྱེད་བཞིན་ཡོད། ཁོང་ཚོས་ལ་ཏིང་མེ་གླིང་ཐོག་མའི་མ་འཇོག་བྱ་ཡུལ་གསར་པར་བརྩིས་ཤིང་། ས་ཁུལ་དེའི་ཁྲོམ་རར་རྩ་སློག་རང་བཞིན་གྱི་གོ་སྐབས་ལྡན་པ་མ་ཟད། ད་དུང་གསར་སྤེལ་བྱེད་ཆོག་པའི་ཁྱབ་ཁོངས་འབོར་ཆེན་ཡང་ཡོད་པ་རེད།
ལ་ཏིང་མེ་གླིང་ས་ཁུལ་དུ་ཁོང་ཚོས་མི་ཐབས་རིག་ནུས་ལག་རྩལ་གྱི་ལེགས་ཆ་དར་སྤེལ་གཏོང་ཐུབ་པ་མ་ཟད། ཀྲུང་གོའི་སྒྲིག་ཆས་བཟོ་སྐྲུན་གྱི་སྟོབས་ཤུགས་དང་ལས་ཚབ་ཁེ་ལས་ཀྱི་མཁོ་སྤྲོད་འཁོར་འབྲེལ་གྱི་རྒྱབ་སྐྱོར་ལ་བརྟེན་ནས་གསར་དར་ཁྲོམ་རའི་ལེགས་ཆ་གཏོད་ཀྱི་ཡོད། ཁེ་ལས་མང་པོ་ཞིག་གིས་ད་དུང་ཁོར་ཡུག་མ་ལག་ཆ་ཚང་བར་འཛུགས་པར་གཞོལ་ཡོད་དེ། དཔེར་ན། མྱུར་སྐྱེལ་མ་ལག་ལ་ཏིང་མེ་གླིང་ཁྲོམ་རར་དར་སྤེལ་བཏང་ནས་ཤིས་དབྱིན་དངTemuསོགས་ཀྲུང་གོའི་དྲ་ཚོང་ལས་སྟེགས་ལ་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད།
ཁེ་ལས་མང་པོ་ཞིག་གིས་ད་དུང་ཀྲུང་གོའི་ལག་རྩལ་དང་ཆེད་ལས་ཤེས་བྱར་བརྟེན་ནས་རང་ཉིད་འཕེལ་རྒྱས་མགྱོགས་པོ་ཡོང་ཐབས་བྱེད་ཅིང་། ལ་ཏིང་མེ་གླིང་གི་ཐོག་མའི་གསར་གཏོད་ཀྱི་ཁེ་ལས་ཀྱི་ངོས་ནས་བརྗོད་ན། འདི་ནི་སྤྱོད་དུ་རུང་བའི་གདམ་ག་ཞིག་ཡིན་ལ། ལྷག་པར་དུ་གོ་ལ་ཧྲིལ་པོའི་བཀོད་པ་ལྡན་པའི་ཁེ་ལས་སྟོབས་ཆེན་དང་མཉམ་ལས་བྱ་རྒྱུ་ནི་དེ་བས་གདམ་ག་ཡག་ཤོས་ཡིན་པ་རེད།
—— ཕེང་པོ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་གཞིར་བཟུང་།
འབྲེལ་ཡོད་གསར་འགྱུར།