བོད་ལྗོངས་འགྲམ་འགག་སྒོ་ནས་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་ཁྲི་36ལྷག་ཙམ་ཟིན་པ།
གསར་འགོད་པར་གཉའ་ནང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ནས་ཤེས་རྟོགས་བྱུང་བར། ཟླ་11ཚེས་11ཉིན་བར་རིམ་རྩིས་བརྒྱབ་ན་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་འགྲུལ་པ་མི་ཐེངས་361282ལ་ཞིབ་བཤེར་བྱས་པ་དེ་དུས་མཚུངས་ལས་20.16%འཕར་བ་དང་། ཉིན་50ཡི་སྔ་སྣུར་དུ་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་ཁྲི་36ལྷག་ཙམ་ཟིན་ཏེ། འགག་སྒོ་ཕྱོགས་ཡོངས་ནས་སླར་གསོ་བྱུང་ཚུན་གྱི་དུས་མཚུངས་ཀྱི་མང་ཤོས་སུ་གྱུར་ནས་བོད་ཀྱི་ཕྱི་ཕྱོགས་སྒོ་དབྱེ་དང་རྒྱལ་མཚམས་སྒྲོལ་ནས་འགྲོ་འོང་བྱེད་པའི་གསོན་ཤུགས་ཆེན་པོ་མངོན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། འགྲུལ་པ་མང་དུ་ཕྱིན་པའི་གནས་ཚུལ་ལ་ཁ་གཏད་གཅོག་ཆེད། གཉའ་ནང་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས“བདེ་འཇགས་དང་ལས་ཕྱོད་ཟུང་དུ་འབྲེལ་བ”ལྟེ་བར་བྱས་ཏེ། གྲངས་གཞི་ཆེན་པོས་དབྱེ་ཞིབ་བྱས་པ་བརྒྱུད་འགྲུལ་པ་མང་ཤོས་ཀྱི་གནས་ཚུལ་སྔོན་ཚུད་ནས་བརྡར་གཅོད་དང་། ཉེན་རྟོག་པའི་སྟོབས་ཤུགས་བཀོད་སྒྲིག་ལེགས་སུ་གཏོང་བ། ཞིབ་བཤེར་བགྲོད་ལམ་མང་དུ་གཏོང་བ། འགག་སྒྲོལ་གྱི་ཞབས་འདེགས་ཞུ་ཡུན་རིང་དུ་གཏོང་བ་བཅས་བྱས་ནས་འགྲུལ་པ་ཚོར་ཞབས་ཞུ་ཡག་པོ་དང་སྟབས་བདེ་བསྐྲུན་པ་མ་ཟད། འགག་སྒོའི་མཉམ་བཤེར་ཚན་པ་དང་མཐུན་སྦྱོར་མཉམ་འགུལ་བྱེད་ཟབ་ཏུ་བཏང་ནས་འགྲུལ་པ་བང་བསྒྲིགས་ནས་སྒུག་པའི་དུས་ཚོད་ནུས་ལྡན་ངང་ཐུང་དུ་བཏང་བ་དང་ཆབས་ཅིག གཉའ་ནང་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས“བློ་རིག་འགག་སྒོ”འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། ཞིབ་བཤེར་བརྒྱུད་རིམ་ལེགས་སུ་གཏོང་བ་དང་། རིགས་དབྱེ་ནས་ཞིབ་བཤེར་བྱེད་པར་སྒུག་པ་དང་ཁུལ་དབྱེ་ནས་ཞིབ་བཤེར་བྱེད་པ་སོགས་ཀྱི་བྱ་ཐབས་ཁྱབ་སྤེལ་བཏང་ནས་ཡུལ་སྐོར་ཚོགས་པར་ཆེད་དོན་འགག་སྒྲོལ་གྱི་ཞབས་འདེགས་ཞུས་ཏེ་རྒྱལ་མཚམས་སྒྲོལ་བའི་འགྲོ་འོང་དེ་བས་ནུས་ཆེ་དང་སྟབས་བདེ་ཡོང་བར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།