དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • མངའ་རིས་ཀྱི་གཏེར་ཆུ་གཞི་ཁྱོན་ཆེན་པོས་ནེ་པ་ལར་ཕྱིར་གཏོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-15

     ཉིན་ཤས་གོང། རང་བྱུང་འཁྱགས་རོམ་གཏེར་ཆུ་སྒམ་2100དང་ཇ་ཆུའི་གཏེར་ཆུ་འགྱིག་ཟོམ་500བླུགས་པའི་སྐྱེལ་འདྲེན་རླངས་འཁོར་ནེ་པ་ལའི་ཀ་ཏ་མན་རྡུའི་ལྷ་སའི་ཕྱི་རྒྱལ་མཛོད་ཁང་དུ་འབྱོར་ཞིང་། གངས་རིན་པོ་ཆེའི་གཏེར་ཆུ་ནེ་པ་ལར་ཐོག་མར་གཞི་ཁྱོན་ཆེན་པོས་ཕྱིར་གཏོང་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་ལེགས་གྲུབ་ཟིན་པ་རེད།

    གྲུབ་འབྲས་དེ་ཐོག་ནས་མངའ་རིས་ས་ཁུལ་གྱི་ཁྱད་ལྡན་སྤུས་ལེགས་ཐོན་རྫས་དངོས་སུ་ཨེ་ཤེ་ཡ་ལྷོ་མའི་ཁྲོམ་རར་བཏོན་པ་མཚོན་པ་མ་ཟད། ཀྲུང་གོ་དང་ནེ་པ་ལའི་རྒྱལ་སྒྲོལ་ཚོང་དོན་ལ་གསོན་ཤུགས་གསར་པ་བསྣན་ནས་སྤུ་ཧྲེང་རྫོང་དང་མངའ་རིས་ས་ཁུལ་གྱི་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་ཐོག་མར་མངོན་འགྱུར་བྱུང་ཞིང་། དེ་ནི་སྤུ་ཧྲེང་རྫོང་གིས་ས་གནས་དཔལ་འབྱོར“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་མཉམ་འདྲེས་ཐུབ་པར་རམ་འདེགས་བྱེད་པ་དང་ཁྱད་ལྡན་ཐོན་ལས་ཕྱིར་གཏོང་ལ་སྐུལ་འདེད་གཏོང་བའི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཞིག་རེད།

    འདི་ལོའི་ཟླ་5པར། ནེ་པ་ལའི་རྒྱལ་སྤྱིའི་ཚོང་དོན་འགྲེམས་ཚོགས་སྐབས་བཅུ་པའི་ཐོག་གངས་རིན་པོ་ཆེའི་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་སིས་ནེ་པ་ལ་ཕྱོགས་ཀྱི་བྲིན་ཚོང་ཚོང་པ་དང་གཏེར་ཆུ་ཏུན་100ཡི་བྲིན་ཚོང་གྲོས་མཐུན་བཞག་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་སྐྱེལ་འདྲེན་བྱས་པའི་གཏེར་ཆུ་ཁྱོན་ཏུན་30ཡོད་པ་དང་མངགས་ཐོ་ལྷག་མ་རྣམས་འདི་ལོའི་ཟླ་12པར་སྔ་རྗེས་སུ་ནེ་པ་ལར་དབོར་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།