ཧྲན་ཏུང་ཅི་ནན་གྱིས་ཐོན་ལས་མཉམ་འགུལ་བྱས་ནས་རི་གྲོང་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་འཕེལ་བར་བྱས་པ།
ཉེ་བའི་ལོ་ཤས་རིང་། ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་ཁྲང་ཆིང་ཆུས་མ་ཧྲན་གྲོང་རྡལ་ཧྲོང་ཆོན་ཀྲོང་གྲོང་ཚོས“ཏང་ཀྲི་པུའུ་དང་། མཉམ་ལས་ཁང་། ཞིང་དུད་བཅས་ཟུང་འབྲེལ”གྱི་མཉམ་ལས་བྱེད་སྟངས་ལག་ལེན་བསྟར་བ་དང་། འབྲེལ་ཡོད་སྡེ་ཚན་གྱི་ཁ་གཏད་རོགས་སྐྱོར་འོག“ཀྲུང་ལུགས་སྨན་རྩྭའི་དུག་སེལ་མྱུག་གསོ་ཚོད་ལྟ་ཁང”མཉམ་དུ་བཙུགས་ནས་ཀྲུང་ལུགས་སྨན་རྩྭ་གཞི་ཁྱོན་ཅན་གྱི་འདེབས་འཛུགས་བྱེད་པར་སྐུལ་འདེད་བཏང་ཡོད།

འདི་ནི་ཉེ་ཆར་ཡུལ་སྐོར་བས་ཧྲོང་ཆོན་ཀྲོང་གྲོང་ཚོའི་ཡུལ་མིའི་དམངས་སྲོལ་གནས་ཚང་གི་ཡུག་ཁུལ་མཉམ་སྤྱོད་ཚལ་ཞིང་ནང་སྔོ་ཚལ་འདེབས་འཛུགས་ཉམས་ལེན་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།