དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞིང་ལས་ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་བྱེད་པོའི་གནས་བབ་ཤུགས་ཆེར་ཕྱིན་པ།

    “ལོ་ལྔ་ཚན་བཅུ་བཞི་པ”ཚུན་གཙོ་གནད་རྣམ་གྲངས་སུ་ཁེ་ ལས་ཞུགས་པའི་བསྡུར་གྲངས་50%ཙམ་ཟིན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-11-14

    ཉེ་ཆར། ཞིང་ལས་དང་གྲོང་གསེབ་པུས་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་ཞིང་ལས་ཚན་རྩལ་གྱི་སྣེ་འདྲེན་ཁེ་ལས་སྐྱེད་སྲིང་ཤུགས་ཆེན་བྱེད་པ་དང་ཞིང་ལས་ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་བྱེད་པོའི་གནས་བབ་ཤུགས་ཆེར་གཏོང་བའི་ས་གནས་ས་ཐོག་གི་ཚོགས་འདུ་འཚོགས་པ་རེད།

    ད་ལོ་ཚུན། ཞིང་ལས་དང་གྲོང་གསེབ་པུའུ་སོགས་སྡེ་ཚན་གྱིས་སྲིད་ཇུས་བྱ་ཐབས་མང་པོ་བཏོན་ནས་ཞིང་ལས་ཚན་རྩལ་སྣེ་འདྲེན་ཁེ་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་ཞིང་ལས་ཚན་རྩལ་གྱི་གསར་གཏོད་མ་ལག་གི་སྤྱི་ཡོངས་བྱེད་ནུས་མགྱོགས་མྱུར་མཐོ་རུ་བཏང་ཡོད། མི་རིང་བའི་གོང་དྲ་ཐོག་ཏུ་ཞུགས་པའི་ཞིང་ལས་ཚན་རྩལ་སྣེ་འདྲེན་ཁེ་ལས་ཀྱི་སྐྱེད་སྲིང་མཛོད་ཀྱིས་ཞིང་ལས་ཚན་རྩལ་གྱི་ཁེ་ལས་2600ལྷག་ཙམ་མཛོད་དུ་འཇུག་པའི་ཡིད་དབང་བཀུག་ཡོད། རྒྱལ་ཡོངས་སུ་ཚན་རྩལ་སྣེ་འདྲེན་ཁེ་ལས་ཀྱིས་སྣེ་ཁྲིད་པའི་གསར་གཏོད་མཉམ་འབྲེལ་སྒྲིག་གཞི་ཁག་གཅིག་བཙུགས་ནས་ཁེ་ལས་ཀྱིས་གཙོ་ཁྲིད་བྱས་པའི་ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་ཐུབ་པར་ཤུགས་སྣོན་བརྒྱབ་ཡོད། “ལོ་ལྔ་ཚན་བཅུ་བཞི་པ”ཚུན། རྒྱལ་ཡོངས་ཀྱི་ཞིང་ལས་ཚན་རྩལ་གྱི་གཙོ་གནད་རྣམ་གྲངས་སུ་ཁེ་ལས་ཞུགས་པའི་བསྡུར་གྲངས་50%ཙམ་ཟིན་ཡོད།

    མིག་སྔར་རང་རྒྱལ་གྱི་ཞིང་ལས་ལོ་ཏོག་རྨོ་འདེབས་ཀྱི་འདེབས་བསྡུའི་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་གྱུར་ཚད་75%ལྷག་ཙམ་ཟིན་པ་དང་། ཞིང་ལས་ལོ་ཏོག་གི་སོན་བཟང་ཁྱབ་ཚད་96%ཡན་བརྟན་པོ་བྱུང་བ། རྒྱལ་ཡོངས་ཀྱི་ཞིང་ལས་ཚན་རྩལ་ཡར་ཐོན་གྱི་ལེགས་སྐྱེས་འབུལ་ཚད་63.2%བར་མཐོ་རུ་ཕྱིན་ནས་ཞིང་ལས་ཚན་རྩལ་གསར་གཏོད་སྤྱི་ཡོངས་འཛམ་གླིང་གི་ཨང་རིམ་དང་པོར་སླེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།