ཟླ་རེའི་རླངས་འཁོར་གསར་པ་བཙོངས་པ་ནས་ནུས་གསར་རླངས་འཁོར་གྱིས་50%ཟིན་པ།
ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་ཚེས་11ཉིན་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། ཟླ་10པར་རང་རྒྱལ་གྱི་ཟླ་རེའི་རླངས་འཁོར་གསར་པ་བཙོངས་པ་ནས་ནུས་གསར་རླངས་འཁོར་གྱིས་50%ཟིན་ནས་51.6%འཕར་ཡོད་པ་རེད།
ད་ལོའི་ཟླ་བ་དང་པོ་ནས་བཅུ་པའི་བར། རང་རྒྱལ་གྱི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་ཁྲི་2769.2དང་ཁྲི་2768.7སོ་སོར་ལེགས་གྲུབ་བྱུང་ནས་དུས་མཚུངས་ལས་10%འཕར་ཡོད། དེའི་ནང་ནུས་གསར་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་ཁྲི་1301.5དང་ཁྲི་1294.3སོ་སོར་ལེགས་གྲུབ་བྱུང་ནས་དུས་མཚུངས་ལས་33.1%དང་32.7%སོ་སོར་འཕར་ཡོད། ནུས་གསར་རླངས་འཁོར་རིམ་རྩིས་བརྒྱབ་ན་ཁྲི་201.4ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་90.4%འཕར་ཡོད།
འབྲེལ་ཡོད་གསར་འགྱུར།