དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་རྒྱལ་གྱི་སྨྱན་སྦྱོར་གྱིས་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་པར་གྲོས་བསྡུར་འཁྲུག་པོ་ཞིག་བྱས་པ།

    ཀྲུང་གོ་ནི་གོ་ལ་ཧྲིལ་པོ་ཡར་ཐོན་ཡོང་བར་ལེགས་སྐྱེས་འབུལ་མཁན་གལ་ཆེན་ཞིག་རེད།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-11-14

    ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་འགོར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བར། རྒྱལ་སྤྱིའི་གླེང་ཕྱོགས་ཀྱིས་ཉིན་ཤས་བསྟུད་མར་དོ་ཁུར་ཆེན་པོ་བྱས་ཡོད། ཕྱི་རྒྱལ་གྱི་སྨྱན་སྦྱོར་གྱིས་རྩོམ་ཡིག་མང་པོ་བཀོད་ནས། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་ཀྲུང་གོའི“ལོ་ལྔ་ཚན་བཅུ་བཞི་པའི”རིང་ཐོབ་པའི་སྤྱིར་བཏང་མིན་པའི་གྲུབ་འབྲས་ལ་ཕྱིར་དྲན་བྱས་ཏེ་ཀྲུང་གོས་འབྱུང་འགྱུར་འཕེལ་རྒྱས་ལ་འཆར་གཞི་བཀོད་པ་དེས་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་མ་ཐེབས་ནས་འགྱུར་ལྡོག་དང་ཟང་ཟིང་ཆེ་བའི་འཛམ་གླིང་ལ་ངེས་གཏན་རང་བཞིན་དང་དྲང་ནུས་སྣོན་རྒྱུའི་ངོས་འཛིན་བྱས་ཡོད།

    “ལོ་ལྔའི་འཆར་འགོད་རེ་རེས་དམངས་ཚོཌ་ཀྱི་འཚོ་བ་མངོན་གསལ་དོད་པོས་ལེཌ་སུ་གཏོང་བ་མ་ཟད། ཀྲུང་གོའི་འཕེལ་རྒྱས་ཀྱི་འཕེལ་རིམ་ལ་སྣེ་ཁྲིད་ཀྱང་བྱེད་བཞིན་ཡོད”

    ཨ་རབ་གསར་འགྱུར་དྲ་བའི་ཐོག་ཏུ་བཀོད་པའི་རྩོམ་ཡིག་ནང་འཁོད་དོན། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་པར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ཚང་འཛོམས་གྲོས་ཚོགས་ལ་གྲོས་འཆམ་བྱུང་བའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་འགོའི་ནང་། ཀྲུང་གོས་འབྱུང་འགྱུར་ལོ་ལྔའི་འཕེལ་རྒྱས་ལ་འཆར་གཞི་བཀོད་ཡོད་པ་མ་ཟད། ཐུན་མོང་མ་ཡིན་པའི་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་བཏོན་ནས་ངེས་གཏན་རང་བཞིན་མེད་པའི་འཛམ་གླིང་ལ་རྩ་ཆེའི་ངེས་གཏན་རང་བཞིན་བསྣན་ནས་ཕུགས་ལ་གཞི་ཚུགས་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་གཞི་འགོད་པའི་འཕེལ་རྒྱས་ཀྱི་བློ་གྲོས་ཤིག་འཛམ་གླིང་ལ་མངོན་པར་བྱས་ཡོད།

    ཕ་ཁི་སི་ཐན་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཚང་འཛོམས་གྲོས་ཚོགས་འཚོགས་པ་དེས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་འགོའི་ནང་། དམངས་འཚོའི་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ལ་དོ་ཁུར་གཙོ་བོར་བྱས་ནས་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་སྟོབས་ཆེར་གཏོང་རྒྱུར་དོ་སྣང་བྱས་ཡོད་པ་མ་ཟད། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལ་ཐོན་པའི་དམངས་གཉེར་དཔལ་འབྱོར་གྱི་ནུས་པ་གལ་ཆེན་ཡང་ནན་བཤད་བྱས་ཡོད།

    “ཀྲུང་གོས་གསར་གཏོད་ལ་བརྟེན་ནས་འཕར་ཚད་ཀྱི་སྒུལ་ཤུགས་བསྒྱུར་བར་སྐུལ་འདེད་གཏོང་བཞིན་ཡོད”

    ཕྱི་རྒྱལ་གྱི་སྨྱན་སྦྱོར་གྱིས་ཚོགས་འདུར་བཏོན་པའི“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་ཚད་གཙོ་བོར་དོ་ཁུར་ཆེན་པོ་བྱས་ཤིང་། “སྤུས་ཚད་མཐོ་བའི་འཕེལ་རྒྱས”དང“གསར་གཏོད”ཅེས་པ་ནི་འབྲེལ་ཡོད་གནས་ཚུལ་གཏོང་སྤེལ་ཐད་ཐོན་མང་བའི་ཐ་སྙད་ཅིག་རེད།

    འཇར་མན་གྱི《པེར་ལིན་ཉིན་རེའི་ཚགས་པར》ཐོག་རིགས་གཅིག་མཁས་ཅན་གྱི་ལྟ་ཚུལ་ལུང་དྲངས་ནས་བརྗོད་དོན། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་འགོའི་ནང་། ད་ཡོད་ཀྱི་སྲིད་ཇུས་གཙོ་བོ་རྨང་གཞིར་བྱས་ནས་ཀྲུང་གོའི་ཡུན་རིང་དམིགས་ཚད་མུ་མཐུད་ནན་བཤད་བྱས་ཡོད་པ་སྟེ། བཟོ་སྐྲུན་ལས་རིགས་ཀྱི་ལུགས་མཐུན་གྱི་བསྡུར་ཚད་རྒྱུན་འཁྱོངས་བྱས་ནས་སྔོན་ཐོན་བཟོ་སྐྲུན་ལས་རིགས་རྐང་འཛིན་དུ་བྱས་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཅིག་འཛུགས་རྒྱུ་ཡིན་པ་རེད། གནས་ཚུལ་སྤེལ་བའི་ནང་། ཀྲུང་གོས་བཟོ་སྐྲུན་ལས་རིགས་འདི་ཉིད་རིན་ཐང་འཁོར་འབྲེལ་སྔ་མར་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ་མ་ཟད། ཚན་རྩལ་དང་། གསར་གཏོད། འཛད་སྤྱོད་བཅས་འཕར་སྣོན་གྱི་སྒུལ་ཤུགས་སུ་བརྩི་བའི་ནུས་པ་ཆེ་རུ་གཏོང་རྒྱུའང་ཡིན་ཚུལ་འཁོད་ཡོད།

    ཨེ་ཅིབ་ཀྱི《གཏོར་གཟུགས་མཆོད་རྟེན་ཚགས་པར》དྲ་ཚིགས་ཀྱི་རྩོམ་ཡིག་ཏུ་འཁོད་དོན། ཕྱི་ཕྱོགས་ཁོར་ཡུག་གི་ངེས་གཏན་མེད་པའི་གནས་ཚུལ་འཕྲད་སྐབས་ཀྲུང་གོས་ཚན་རྩལ་རང་ཚུགས་རང་དར་གྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་བ་དེ“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་ཚད་གཙོ་བོའི་གྲས་སུ་བརྩིས་ནས་ཆུ་ཚད་མཐོ་པོས་ཚན་རྩལ་རང་ཚུགས་རང་དར་མགྱོགས་མྱུར་བྱས་ཏེ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་འགྲོ་བར་ཁྲིད་སྟོན་བྱེད་པ་དང་དུས་མཚུངས་འཛད་སྤྱོད་དར་སྤེལ་ཤུགས་ཆེན་ཡོང་བ་དང་མ་འཇོག་ནུས་ལྡན་བྱེད་རྒྱ་ཆེ་རུ་བཏང་སྟེ་རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་གྱི་འགོག་རྐྱེན་མཐའ་གཅིག་ཏུ་སེལ་རྒྱུ་ཡིན་པ་རེད།

    ཨ་རིའི་ཕེང་པོ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་དོན། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་བསྒྲགས་ནང་། ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་ཁྲོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཚན་རྩལ་གྱི་ནུས་པ་ནན་བཤད་བྱས་ཡོད་ལ། ཀྲུང་གོས་འཛད་སྤྱོད་དར་སྤེལ་ཤུགས་ཆེན་བཏང་ནས་མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་རྒྱུའི་ཁས་ལེན་བསྐྱར་དུ་བསྒྲགས་ཡོད།

    “ཀྲུང་གོས་གསར་གཏོད་དང་། གསོན་ཤུཌ། མཉམ་འགུལ། བསྟུན་མཁས་བཅས་ཀྱི་འཛམ་གླིང་གི་དཔལ་འབྱོར་འཛུཌ་གཏོད་ཁྲོད་འགག་རྩའི་ནུས་པ་མུ་མཐུད་འདོན་བཞིན་ཡོད”

    འཛམ་གླིང་དང་གོ་སྐབས་མཉམ་སྤྱོད་དང་། མཉམ་དུ་འཕེལ་རྒྱས་གཏོང་བའི་བློ་བརྟན་འགྱུར་མེད་ཀྱི་ཀྲུང་གོའི་ཆོད་སེམས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ཏུ་ཐོབ་ཡོད། “སྒོ་དབྱེ”ནི་རྒྱལ་སྤྱིའི་སྨྱན་སྦྱོར་གྱིས་དོ་ཁུར་ཆེ་ཤོས་བྱེད་པའི“གླེང་མང་བའི་ཐ་སྙད”ཀྱི་གྲས་སུ་གྱུར་ཡོད།

    《ཧ་སག་སི་ཐན་གྱི་ཁེ་ལས་ཚགས་པར》ཐོག་རྩོམ་ཡིག་སྤེལ་དོན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ཐོབ་པའི་གྲུབ་འབྲས་ལས། ཀྲུང་གོས་འཛམ་གླིང་གི་འཕོ་འགྱུར་དང་བསྟུན་ཐུབ་པ་མ་ཟད། གོ་ལ་ཧྲིལ་པོའི་འཕེལ་ཕྱོགས་གསར་པར་དེ་བས་སྣེ་ཁྲིད་ཐུབ་པའང་གསལ་བཤད་བྱས་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་འགོའི་ནང་འབྱུང་འགྱུར་ལོ་ལྔའི་རིང་གི་ཀྲུང་གོའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་པོ་སྟོན་ཡོད། དེས་ཟོག་འགྲེམས་དང་། ནུས་རྒྱུ། ཞིང་ལས། སློབ་གསོ། ཚན་རིག་བཅས་ཀྱི་ཁྱབ་ཁོངས་སུ་ཧ་སག་སི་ཐན་སོགས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལ་གོ་སྐབས་གསར་པ་ཐོབ་རྒྱུ་རེད། “ལེའུ་གསར་པ་རྩོམ་འགོ་ཚུགས་ལ་ཉེ་བའི་སྐབས་སུ། ཀྲུང་གོས་གསར་གཏོད་དང་། གསོན་ཤུགས། མཉམ་འགུལ། བསྟུན་མཁས་བཅས་ཀྱི་འཛམ་གླིང་དཔལ་འབྱོར་འཛུགས་གཏོད་ཁྲོད་མུ་མཐུད་འགག་རྩའི་ནུས་པ་འདོན་བཞིན་ཡོད”

    ཨར་ཅི་རི་ཡའི་དར་གོས་ལམ་བུའི་གསར་འགྱུར་དྲ་བར་དེའི་སྤྱི་ཁྱབ་རྩོམ་སྒྲིག་པ་ཨཱ་བུ་ཏུའུ•ཁ་ཏིར་གྱི་དཔྱད་གཏམ་པའི་རྩོམ་ཡིག་ཅིག་སྤེལ་བའི་ནང་འཁོད་དོན། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་པ་ནི་ཀྲུང་གོ་ཙམ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཞི་བདེ་འཕེལ་རྒྱས་དང་ཕྱི་ཕྱོགས་སྒོ་དབྱེའི་འགྲོ་ལམ་དུ་མདུན་སྐྱོད་བྱེད་པའི་བརྡ་རྟགས་གསལ་པོ་སྟོན་པ་ཞིག་ཀྱང་རེད། ཀྲུང་གོས་དཔལ་འབྱོར་གོ་ལ་ཅན་ལ་སྐུལ་འདེད་གཏོང་བ་དང་ལྷོ་ལྷོ་མཉམ་ལས་ལ་ཤུགས་སྣོན་མཐའ་འཁྱོངས་བརྒྱབ་པ་ལས་གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་གདེང་ཚོད་དང་བརྟན་ལྷིང་རང་བཞིན་བསྣན་ཡོད། ཀྲུང་གོ་ནི་གོ་ལ་ཧྲིལ་པོ་འཕེལ་རྒྱས་ཁྲོད་ཀྱི་ཕན་པ་ཐོབ་མཁན་ཞིག་ཡིན་ལ། གོ་ལ་ཧྲིལ་པོ་ཡར་ཐོན་ཡོང་བར་ལེགས་སྐྱེས་འབུལ་མཁན་གལ་ཆེན་ཞིག་ཀྱང་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།