དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རྒྱལ་སྤྱིའི་ནུས་རྒྱུ་ཧྲུའུ་ཡིས་བསྟན་དོན།

    གོ་ལ་ཧྲིལ་པོའི་མི་དུང་ཕྱུར་7.3ཙམ་ལ་སྔར་བཞིན་གློག་ཤུགས་འདང་གི་མེད་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-11-14

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕ་རི་སི་ནས་ཟླ་11ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན་རྒྱལ་སྤྱིའི་ནུས་རྒྱུ་ཧྲུའུ་ཡིས་ཁྱབ་བསྒྲགས་བྱས་པའི《2025ལོའི་འཛམ་གླིང་གི་ནུས་རྒྱུའི་སྔོན་དཔག》ཅེས་པའི་སྙན་ཞུའི་ནང་གོ་ལ་ཧྲིལ་པོར་མི་དུང་ཕྱུར་7.3ཙམ་ལ་སྔར་བཞིན་གློག་ཤུགས་འདང་གི་མེད་པ་མ་ཟད། གནམ་གཤིས་ཀྱི་ཉེན་ཁ་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད་ཅེས་བསྟན་ཡོད།

    སྙན་ཞུའི་ནང་ནུས་རྒྱུའི་ཁྱབ་ནུས་རང་བཞིན་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཐད་གོ་ལ་ཧྲིལ་པོའི་ཚད་གཞི་ད་དུང་ལོན་མེད། གལ་ཏེ་གོ་ལ་ཧྲིལ་པོས་དུས་རབས་དེའི་དུས་དཀྱིལ་དུ་སྦགས་བཙོག་མེད་པའི་དམིགས་ཚད་ལོན་ཚེ་དུས་ཡུན་རིང་པོའི་དྲོད་ཚད་འཕར་ཚད་ཧྲེ་ཧྲི་ཏུའུ་1.5ནང་ཚུན་དུ་ཚོད་འཛིན་ཐུབ་རེ་ཡོད་ཅེས་བསྟན་ཡོད།

    སྙན་ཞུའི་ནང་ད་དུང་འབྱུང་འགྱུར་ནུས་རྒྱུའི་འཕེལ་ཕྱོགས་ལ་དཔྱད་བསྡུར་བྱས་ཤིང་། སྙན་ཞུའི་ནང་སྔོན་དཔག་བྱས་པའི་སྣང་ཚུལ་ཁྲོད་གློག་ཤུགས་ཀྱི་དགོས་མཁོ་འཕར་ཚད་དེ་ནུས་རྒྱུ་སྤྱི་ཡོངས་སྤྱོད་ཚད་ལས་ཡོངས་སུ་བརྒལ་བ་དང་གྲངས་གཞི་ལྟེ་གནས་དང་མི་ཐབས་རིག་ནུས་ལས་བྱུང་བའི་གློག་ཤུགས་དགོས་མཁོ་ཤུགས་ཆེར་འཕར་བ་དེ་གཙོ་བོ་དར་རྒྱས་ཆེ་བའི་དཔལ་འབྱོར་དངོས་ཚན་དང་ཀྲུང་གོར་གཅིག་སྡུད་བྱ་རྒྱུ་དང་། ཉི་ནུས་འོད་ཤུགས་ཀྱིས་མཚོན་པའི་བསྐྱར་སྐྱེས་ནུས་རྒྱུའི་དགོས་མཁོ་འཕར་ཚད་ཧ་ཅང་མགྱོགས་པོ་ཡོད་པས་གོ་ལ་ཧྲིལ་པོའི་བསྐྱར་སྐྱེས་ནུས་རྒྱུའི་ཁྲོམ་ར་ཆེ་ཤོས་སུ་ཀྲུང་གོའི་གནས་བབ་རྒྱུན་མཐུད་ཐུབ་རྒྱུ། ཉིང་རྡུལ་ནུས་པ་སླར་གསོ་ཐུབ་ནས་2035ལོར་སླེབས་སྐབས་གོ་ལ་ཧྲིལ་པོའི་ཉིང་གློག་གཏོང་ཚད་གསུམ་ཆ་གཅིག་འཕར་རེ་ཡོད་པ། དུས་ཐུང་ནང་གོ་ལ་ཧྲིལ་པོའི་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀྱི་མཁོ་སྤྲོད་སྤྱིར་ན་འདང་ངེས་ཡོད་མོད། འོན་ཀྱང་ས་འབྲེལ་གྱི་ཆབ་སྲིད་ཉེན་ཁ་སྔར་བཞིན་གནས་རྒྱུ་བཅས་རེད།

    རྒྱལ་སྤྱིའི་ནུས་རྒྱུ་ཧྲུའུ་ཡིས་རྒྱལ་ཁབ་ཁག་ལ་ནུས་རྒྱུའི་གྲུབ་ཆའི་སྣ་མང་ཅན་མགྱོགས་སུ་གཏོང་བ་དང་རྒྱལ་སྤྱིའི་མཉམ་ལས་ཟབ་ཏུ་བཏང་ནས་འབྱུང་འགྱུར་གྱི་གཏན་འཁེལ་མེད་པའི་རང་བཞིན་དང་ཉེན་ཁར་ཁ་གཏད་གཅོག་དགོས་པའི་འབོད་སྐུལ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།