དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • 2025ལོའི་མཚོ་སྔོན་དང་ཨའོ་མོན་གྱི་དཔལ་འབྱོར་ཚོང་དོན་སྤེལ་རེས་མཉམ་ལས་བྱེད་སྒོའི་གྲུབ་འབྲས་ཁག་དང་པོ་དོན་འཁྱོལ་བྱུང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-11-14

    2025ལོའི་མཚོ་སྔོན་དང་ཨའོ་མོན་གྱི་དཔལ་འབྱོར་ཚོང་དོན་སྤེལ་རེས་མཉམ་ལས་བྱེད་སྒོ་སྤེལ་རིང་། མཚོ་སྔོན་ལུའེ་ཅན་ཡོན་ཞིང་ཞོར་ཐོན་རྫས་ཚད་ཡོད་ཀུང་སི་དང་ཐེན་ཁྲི་མཁོ་སྤྲོད་འཁོར་འབྲེལ(ཨའོ་མོན)མ་རྐང་ཚད་ཡོད་ཀུང་སི་གཉིས་ཀྱིས་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་བཞག་པ་རེད། ཟླ་11ཚེས་9ཉིན། སྔོ་ཚལ་ཏུན་2.5བླུགས་པའི་གྲང་ཕྲེང་ཟོག་འདྲེན་རླངས་འཁོར་ཞིག་མཚོ་ཤར་གྲོང་ཁྱེར་དགོན་ལུང་རྫོང་ཐའེ་ཙི་ཤང་ནས་ཀོང་ཏུང་ཀྲུའུ་ཧའེ་བརྒྱུད་ཆུ་ཚོད་46བསྐྱོད་མཐར་ཨའོ་མོན་དུ་བདེ་བླག་ངང་འབྱོར་ཞིང་། རྗེས་མཐུད་བསིལ་གྲང་སྔོ་ཚལ་ཏུན་14.5ཁག་བགོས་ནས་ཨའོ་མོན་ལ་སྐྱེལ་རྒྱུ་འདིའི་ཐོག་ནས་མཚོ་སྔོན་དང་ཨའོ་མོན་གྱི་དཔལ་འབྱོར་ཚོང་དོན་སྤེལ་རེས་མཉམ་ལས་བྱེད་སྒོའི་གྲུབ་འབྲས་ཁག་དང་པོ་དོན་འཁྱོལ་བྱུང་ནས། ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་འགྲོ་འོང་གཏིང་ཟབ་ཏུ་འགྲོ་བར་རྨང་གཞི་བརྟན་པོ་བཏིང་ཡོད་པ་མཚོན་ཡོད།

    ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གི་མཛུབ་ཁྲིད་ཤུགས་ཆེན་འོག མཚོ་ཤར་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས“གཏིང་ཤུགས་སྔོག་འདོན་དང་། སྐྱེད་སྲིང་ལ་དམ་འཛིན། སྤུས་རྟགས་གཏོད་པ”བཅས་ཕྱི་ཕྱོགས་ཚོང་དོན་བརྟན་པོ་ཡོང་བའི་བྱ་ཐབས་གལ་ཆེན་དུ་བརྩིས་ཐོག་བསིལ་གྲང་སྔོ་ཚལ་གྱིས་གཙོས་པའི་ཞིང་ལས་ཐོན་རྫས་ཕྱིར་གཏོང་སྒུལ་ཤུགས་གསར་པར་བྱས་ཏེ་ཁྲོམ་རའི་བྱེད་པོ་སྐྱེད་སྲིང་ཧུར་ཐག་དང་། རང་འགུལ་ངང་སྒོ་རྩར་བསྐྱོད་དེ་སྲིད་ཇུས་འགྲེལ་བཤད་རྒྱག་པ། ཞབས་ཞུ་ལེགས་སུ་བཏང་ནས་ནུས་ཕྱོད་ཆེ་རུ་གཏོང་བ་སོགས་བྱ་ཐབས་མང་པོ་སྤྱད་དེ་ཁེ་ལས་ཁག་ལ་ཕྱིར་གཏོང་གནད་དོན་ཐག་གཅོད་བྱེད་རོགས་བྱས་པ་རེད། ན་ནིང་། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གི་གཅིག་གྱུར་སྒྲིག་འཛུགས་འོག ཀོང་ཏུང་ཞིང་ཆེན་གྱི་ཧྲེན་ཀྲེན་གྲོང་ཁྱེར་དང་། ཏུང་ཀོན་གྲོང་ཁྱེར། ཀྲུའུ་ཧའེ་གྲོང་ཁྱེར་བཅས་སུ་བསྐྱོད་དེ་བརྟག་དཔྱད་ཞིབ་འཇུག་བྱས་ནས་ཁེ་ལས་ཁག་ལ་ཤང་ཀང་དང་། ཨའོ་མོན། ཀྲུའུ་ཅང་ཟུར་གསུམ་ཁུལ་བཅས་ཀྱི་ཁྲོམ་ར་རྒྱ་སྐྱེད་གཏོང་རོགས་བྱས་པ་རེད། ད་ལོ་ཚུན་དུ། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས“ཟླ་རེར་འཁོར་འབྲེལ་གཅིག”གི་ཐོན་ཚོང་སྦྲེལ་མཐུད་འདུ་ཚོགས་ཐེངས་10གཉེར་པ་མ་ཟད། རྒྱལ་ཁབ་ཕྱི་ནང་གི་འགྲེམས་ཚོགས་དང་དཔལ་འབྱོར་ཚོང་དོན་བྱེད་སྒོའི་ལས་སྟེགས་སྤྱད་དེ་མཚོ་སྔོན་ཞིང་ཆེན་གྱི་གནོད་མེད་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་གཅིག་སྡུད་ཐོག་དྲིལ་བསྒྲགས་འོས་སྦྱོར་བྱས་ནས། སྤྲོད་མཁོ་ཕྱོགས་གཉིས་པོའི་དགོས་མཁོ་སྦྲེལ་མཐུད་གནད་སྨིན་བྱས་པ་རེད། མཚོ་ཤར་གྲོང་ཁྱེར་རྫོང་ཚོང་དོན་སྡེ་ཚན་གྱིས་རང་འགུལ་ངང་བྱ་སྤྱོད་སྤེལ་ཏེ་ཐབས་ལམ་མང་པོ་ནས་གཡོད་ཀང་ཨའོ་ས་ཁུལ་གྱི་ཞིང་ལས་ཐོན་རྫས་གཉེར་སྐྱོང་བྱེད་མཁན་སྣེ་ཁྲིད་ཁེ་ལས་ཁག་དང་འབྲེལ་མཐུད་བྱས་པ་མ་ཟད། ད་དུང་ཤང་ཀང་དང་། ཨའོ་མོན། ཀོང་ཏུང་བཅས་ཀྱི་ཁེ་ལས་མཚོ་ཤར་གྲོང་ཁྱེར་དགོན་ལུང་རྫོང་དང་། གཞོང་ཐང་ཆུས། ཡ་རྫི་རྫོང་བཅས་སུ་རྟོག་ཞིབ་བྱེད་པར་ཡོང་རྒྱུའི་གདན་འདྲེན་ཞུས་ནས། སྤྲོད་མཁོ་སྦྲེལ་མཐུད་ཀྱི་བྱེད་སྒོ་མང་པོ་སྒྲིག་འཛུགས་བྱས་པ་དང་སྦྲགས། མཉམ་ལས་རོགས་ཟླ་སྤུས་ལེགས་ཁག་གཅིག་ནང་འདྲེན་བྱས་ནས་ཐོན་ཚོང་སྦྲེལ་མཐུད་ཀྱི“སྦྲེལ་ཟམ”ཡང་བསྐྲུན་ཡོད་པ་རེད། མིག་སྔའི་བར། མཚོ་ཤར་གྲོང་ཁྱེར་ཞིང་ལས་ཐོན་རྫས་འདེབས་འཛུགས་རྟེན་གཞིས་འགག་སྒོར་ཐོ་འགོད་བྱས་པའི་རྒྱ་ཁྱོན་མུའུ་ཁྲི་2.5ཟིན་པ་དང་། ཕྱིར་གཏོང་ནང་འདྲེན་གྱི་གྲུབ་འབྲས་དངོས་ལྡན་པའི་ཞིང་ལས་ཐོན་རྫས་ཕྱིར་གཏོང་ཁེ་ལས་11ཟིན་ནས་ན་ནིང་གི་དུས་མཚུངས་ལས་ཁེ་ལས་8མང་དུ་ཕྱིན་པ་དང་། སྔོ་ཚལ་ཏུན་7000ཙམ་ཕྱིར་གཏོང་བྱས་ཤིང་ད་ལོར་ཏུན་ཁྲི་1ཡན་ཕྱིར་གཏོང་ཐུབ་རེ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།