དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཧུའུ་ནན་དང་བོད་ལྗོངས་ཀྱི་སེམས་མཐུན་སྡོང་པོར་འབྲས་བཟང་སྨིན་པ།

    —— ཧུའུ་ནན་ཞིང་ལས་སློབ་ཆེན་གྱི་རིགས་གཅིག་མཁས་ཅན་ཚོགས་པ་ཟངས་རི་རྫོང་དུ་བསྐྱོད་ནས་རྒུན་འབྲུམ་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རོགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-14

    སྟོན་ཟླ་དགུ་པར་ཟངས་རི་རྫོང་གི་མུའུ་6500ཡོད་པའི“ཡར་ཀླུང་གཙང་པོ་ཨང་1པོའི”རྒུན་འབྲུམ་རིམ་བཞིན་སྨིན་ཞིང་། མུ་ལ་མུ་འབྲེལ་གྱི་རྒུན་འབྲུམ་ར་བར་རྒུན་འབྲུམ་གྱི་དྲི་ཞིམ་གང་སར་འཐུལ་བ་དང་། འབྲས་བུས་ཁུར་དུ་ལྗིད་པའི་རྒུན་འབྲུམ་དག་མུ་ཏིག་སྨུག་པོ་ཞིག་དང་འདྲ་བར་སྡོང་པོའི་སྟེང་བྱུར་བུར་བཏགས་ཡོད། ཟླ་9ཚེས་29ཉིན། ཧུའུ་ནན་ཞིང་ལས་སློབ་ཆེན་གྱི་རིགས་གཅིག་མཁས་ཅན་ཚོགས་པ་ཟངས་རི་ཕ་གྲུ་རྒུན་འབྲུམ་འདེབས་འཛུགས་རྟེན་གཞིར་བསྐྱོད་དེ། ཡུལ་དེའི་རྒུན་འབྲུམ་ཐོན་ལས་འཕེལ་རྒྱས་ལ་ཚན་རྩལ་གྱི་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    “སྡོང་རྐང་དེ་ལས་རིང་ཙམ་ཡོད་ན་རླུང་འགྲོ་ཡག་པོ་ཡོང་བ་དང་ཉི་འོད་ཡག་པོ་འཕྲོ་ཐུབ” “སྐྱེ་འཚར་བྱེད་རིང་འབྲས་བུ་ཕན་ཚུན་བཙིར་གནོན་མི་ཐེབས་པ་བྱེད་དགོས། དེ་ལྟར་བྱུང་ཚེ་མི་རུལ་བ་ཡོང་ཐུབ” ལོ་ལེགས་བསྡུ་ཉེར་ཡོད་པའི་རྒུན་འབྲུམ་ར་བའི་ནང་དུ། རིགས་གཅིག་མཁས་ཅན་ཚོས་རྒུན་འབྲུམ་སྡོང་པོ་དབར་གྱི་གསེང་དུ་འཛུལ་ནས་ས་རྒྱུའི་གནས་ཚུལ་དང་སྡོང་རྐང་གི་སྐྱེ་འཚར་ལ་ལྟ་ཞིབ་ཞིབ་ཕྲ་བྱས་ཏེ། རྙོག་འཛིང་ཆེ་བའི་འདེབས་འཛུགས་དོ་དམ་ལག་རྩལ་དེ་གོ་བདེ་ཤེས་སླའི་ཡུལ་དངོས་ཀྱི་འགྲེལ་བཤད་ལ་བསྒྱུར་ནས“ཞིང་ནང་དུ་འདེབས་འཛུགས་ཤེས་བྱ་བསླབས་པ་དང་། གནད་དོན་ཞིང་ནང་དུ་ཐག་གཅོད་ཐུབ་པ”མངོན་འགྱུར་བྱུང་ཡོད།

    “ཟངས་རིའི་དམིགས་བསལ་གནམ་གཤིས་ཆ་རྐྱེན་ལས་རྒུན་འབྲུམ་གྱི་མདོག་སྨུག་ཅིང་དྲི་ཞིམ་ལ་བྲོ་བ་ཆེན་པོ་ཡོད”ཅེས་ཟངས་རི་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། རྒྱུན་ལས་རྫོང་དཔོན་གཞོན་པ། གཡོད་དབྱང་གི་ཁག་བཅུ་གཅིག་པའི་བོད་སྐྱོར་ལས་དོན་ཚོགས་ཆུང་གི་ཙུང་ཀྲང་ཕེང་ཏན་གྱིས་བཤད། ཁོང་གིས། གཡོད་དབྱང་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་ཧུའུ་ནན་ཞིང་ལས་སློབ་ཆེན་དང་མཉམ་ལས་གཏིང་ཟབ་བྱེད་པ་དང་མཐོ་སློབ་ཀྱི་ཚན་རྩལ་དང་ཤེས་ལྡན་པའི་ཐོན་ཁུངས་ལ་བརྟེན་ནས་ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། “བདེ་ཐང་ཆེན་པོའི”འདུ་ཤེས་ལ་དམིགས་ནས་ཐོན་ལས་འཁོར་འབྲེལ་གཏིང་ཟབ་ཏུ་གཏོང་བ་དང་རྒུན་འབྲུམ་ལས་སྣོན་ཞིབ་ཚགས་ཀྱི་ཐོན་རྫས་གསར་སྤེལ་ཧུར་ཐག་བྱས་ཏེ་ཟངས་རིའི་རྒུན་འབྲུམ་ཐོན་ལས་དེ་ཐོན་ལས་འཁོར་འབྲེལ་ལ་ཁྱབ་པ་དང་རིན་ཐང་འཁོར་འབྲེལ་མཐོ་རུ་གཏོང་པར་རོགས་རམ་བྱས་ཏེ“ས་མཐོའི་ལག་རྟགས་ཆེན་པོ”དེ་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེན་པོ་ལྡན་པའི་བདེ་ཐང་ཐོན་ལས་སུ་འགྱུར་ཐུབ་པ་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།