དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཡར་ཀླུང་འཕེལ་རྒྱས་ཀྱི་ལེའུ་གསར་བརྩམས་པ།

    ​—— ལྷོ་ཁ་གྲོང་ཁྱེར་གྱིས“ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ“དོན་ཆེན་བཞིར”དམིགས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-14

    “ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་ལྷོ་ཁ་གྲོང་ཁྱེར་གྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་བྱས་ཏེ། “བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་དོན་ཆེན་བཞིར་དམ་པོར་དམིགས་པ་དང“འཛུགས་གཏོད་བཞིའི”དམིགས་ཚད་འགག་སྒྲོལ་ལ་ཤུགས་སྣོན་བརྒྱབ་ནས་ལོ་ངོ་སྟོང་གི་ཤེས་དཔལ་ལོ་རྒྱུས་ལྡན་པའི་ས་གཞི་ཆེན་པོར་ཟིལ་རླབས་དགུང་འཕྱུར་གྱི་འཕེལ་རྒྱས་ཀྱི་ལེའུ་གསར་བརྩམས་ཡོད།

    མི་རིཌ་མཐུན་སྒྲིལ་གྱི་མེ་ཏོག་རྣམ་པར་བཀྲ་བ།

    “སྔོན་ཆད་ས་ཆ་གཞན་ནས་ཡོང་བའི་ལག་རྩལ་པ་དང་སྐད་ཆ་ཤོད་སྐབས་གོ་བརྡ་མི་འཕྲོད་པས་ཚང་མ་ལག་བརྡར་བརྟེན་དགོས་ཀྱི་ཡོད། ད་ལྟ་ངས་སྤྱི་སྐད་ནས་ཁོང་ཚོ་དང་གསོ་ཚགས་ཐབས་རྩལ་སྐོར་ལ་གྲོས་བསྡུར་བྱེད་ཀྱི་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་རྡོ་ཕོ་བྲང་ཤང་གི་གསོ་ཚགས་དུད་ཚང་སྐལ་བཟང་གིས་དེ་ལྟར་ཤོད་ཀྱིན་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར། འགྱུར་ལྡོག་དེ་ནི་ལྷོ་ཁ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ལ་མུ་མཐུད་སྐུལ་འདེད་བཏང་བའི་གྲུབ་འབྲས་རེད།

    སྣེ་གདོང་ཆུས་སློབ་འབྲིང་དུ་གཟའ་འཁོར་རེའི་རེས་གཟའ་ལྷག་པར“མི་རིགས་མཐུན་སྒྲིལ་སློབ་ཚན་ཆུང་ངུ”འཚོགས་པ་དེ་སློབ་གྲྭའི་རིག་གནས་ཀྱི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད། སློབ་ཚན་ཐོག་དགེ་རྒན་ཚོས“མི་རིགས་རྒྱན་གོས་ཀྱི་རི་མོ་བསྒྲིགས་པ”དང“ཇ་རྟའི་གནའ་ལམ་གྱི་གཏམ་རྒྱུད་འདུ་ཚོགས”སོགས་མཉམ་འགུལ་ལྷུ་ཚིགས་ཇུས་འགོད་ཞིབ་ཚགས་བྱས་ནས་སློབ་མ་ཚོར་རོལ་རྩེད་ཁྲོད་ནས་ཀྲུང་ཧྭའི་སྣ་མང་གཞི་གཅིག་གི་རྣམ་པ་ཤེས་རྟོགས་ཐུབ་པར་བྱས་ཡོད།

    འཕྱོངས་རྒྱས་རྫོང་ཤ་གསོས་ཤང་ཐང་པོ་གྲོང་ཚོ་ནི་མི་རིགས་མཐུན་སྒྲིལ་དང་ཐོན་ལས་རོགས་རམ་གྱི་དཔེ་མཚོན་ཞིག་རེད། གྲོང་ཚོའི་ནང་བཙུགས་པའི“ཐུན་མོང་འབྱོར་ཕྱུག་མཉམ་ལས་ཁང”གིས་མི་རིགས་ཀྱི་དབྱེ་བ་མེད་པར་རྒྱ་རིགས་འདེབས་འཛུགས་མཁས་པ་ཝང་ཅན་གོས་སྔོ་ཚལ་དྲོད་ཁང་གི་ལག་རྩལ་ལ་བརྟེན་ནས་བོད་རིགས་སྤུན་ཟླ་རྣམས་ལ་དུས་མིན་ཧོང་ཀྭ་དང་ཀྲོ་མ་ཀྲུ་འདེབས་འཛུགས་ལ་ཁྲིད་སྟོན་བྱས་པས་མུའུ་རེའི་ཐོན་འབབ་བཅུ་ཆ་བཞི་ཙམ་འཕར་ཡོད།

    གསར་དུ་བཙུགས་པའི་མི་རིགས་མཉམ་འདྲེས་ཞིབ་འཇུག་ལྟེ་གནས་ཀྱིས་སྔ་རྗེས་སུ་ཤང་དང་གྲོང་རྡལ་མང་པོར་འཚམས་འདྲི་བྱས་ནས་ཆིང་རྒྱལ་རབས་ཀྱི་བོད་སྡོད་ཨམ་བན་གྱི་ཞུ་ཡིག་ལྟེབ་མའི་འདྲ་བཤུས་སོགས་རིག་དངོས་བརྒྱ་ལྷག་ཙམ་ལེགས་སྒྲིག་བྱས་ཏེ། ལྷོ་ཁའི་རྟེན་མཛོད་ཁང་དུ“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་འགྲེམས་ཁང་ཆེད་མངགས་བཙུགས་ནས་འགྲེམས་སྟོན་བྱས་པ་དང་། འགྲེམས་ཁང་བཙུགས་ནས་ལོ་ཕྱེད་སོང་རིང་ཡུལ་སྐོར་བ་མི་ཐེངས་ཁྲི་5ལྷག་ཙམ་ལ་སྣེ་ལེན་ཞུས་པས་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད།

    ཁྱད་ལྡན་དཔལ་འབྱོར་གྱི་ལམ་བུ་བཏོད་པ།

    ཟླ་9ཚེས་21ཉིན། 2025ལོའི་ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་གྱི་ཚོང་འགུག་ནང་འདྲེན་ངོ་སྤྲོད་ཚོགས་འདུའི་གཙོ་གནད་སྟེ། རྣམ་གྲངས་39ལ་གཅིག་སྡུད་ཐོག་གན་རྒྱ་འཇོག་པའི་མཛད་སྒོ་འཚོགས་ཤིང་། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་ཀྱི་འཐུས་མི་240ལྷག་ཙམ་གྱིས་དུས་སྐབས་དེར་ཐུན་མོང་ཐོག་བདེན་དཔང་བྱས་པ་དང་། གན་རྒྱ་བཞག་པའི་དངུལ་འབོར་སྒོར་དུང་ཕྱུར་56.05ཟིན་པ་དེའི་ནང་ནུས་རྒྱུ་གཙང་མ་དང་། གྲངས་འཛིན་ཐོན་ལས། རིག་གནས་ཡུལ་སྐོར་སོགས་འགག་རྩའི་ཁྱབ་ཁོངས་ཚུད་ཡོད་པ་རེད།

    བོད་དུ་ལོ་བཅུ་ལྷག་ཙམ་རིང་གཞི་ཚུགས་པའི་ཨན་ཧུའེ་འཛུགས་སྐྲུན་བཟོ་ལས་ཚོགས་པའི་བོད་ཡན་ལག་ཀུང་སིས་ད་ཐེངས་གྲ་ནང་རྫོང་གི་རིག་ནུས་ཨར་ལས་རྒྱུ་ཆ་ཐོན་ལས་གླིང་གི་རྣམ་གྲངས་ཀྱི་གན་རྒྱ་བཞག་ཡོད།

    ནུས་རྒྱུ་གཙང་མའི་ཐོན་ལས་ཁྱུ་ཚོགས་ལྷོ་ཁའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་སྟོབས་ལྡན་ཞིག་ཏུ་འགྱུར་བཞིན་ཡོད། ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་གྲོག་རོང་ཁུལ་དུ་གླིང་མདའ་ཆུ་ཤུགས་གློག་ཁང་གི་འདྲེན་རྒྱུག་བྲག་ཕུག་ཏལ་འབིགས་ལས་གྲྭ་ཕྱེད་ཀ་ཙམ་ལེགས་གྲུབ་ཟིན་པས། བཟོ་པ་རྣམས་ཀྱིས་གྲང་ངར་ལ་མ་འཛེམ་པར་ཨར་ལས་ཧུར་ཐག་བྱེད་བཞིན་ཡོད།

    བཟོ་སྐྲུན་ལས་རིགས་རིམ་སྤོར་གྱིས་ལོ་རྒྱུས་རང་བཞིན་གྱི་གོམ་སྟབས་སྤོས་ཤིང་། 2024ལོའི་ཟླ་8པར། ཀྲུང་ཁྲེ་ལྷོ་ཁའི་ནུས་རྒྱུ་གཙང་མའི་སྒྲིག་ཆས་ཐོན་ལས་གླིང་གི་ཐོན་སྐྱེད་འཁོར་ཁང་དུ“བོད་བཟོས”ཆན་ཧྥུའུ་110ཡི་རིག་ནུས་གློག་སྒྱུར་ཆས་ཐོག་མ་དེ་ཐོན་པ་རེད།

    2025ལོའི་ཟླ་6ཚེས་18ཉིན། “ཡར་ཀླུང་གཙང་པོ་ཨང་དང་པོ”སྟེ་ལྗོངས་ཡོངས་ཀྱི་གཞི་ཁྱོན་ཆེ་བའི་རིག་རྩིས་ལྟེ་གནས་དང་པོ་གཉེར་སྐྱོང་བྱེད་འགོ་ཚུགས་ནས་བོད་ཀྱི་གྲངས་འཛིན་དཔལ་འབྱོར་གྱི་དུས་རབས་གསར་པར་སླེབས་པ་ཁྱབ་བསྒྲགས་བྱས་པ་རེད།

    ཞིང་འབྲོག་ཐོན་ལས་ཀྱི་ཚན་རྩལ་འཕོ་འགྱུར་ལའང་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ལྷོ་ཁ་གྲོང་ཁྱེར་ཞིང་ལས་ཚན་རིག་སུའོ་ཡི་བར་སྣང་སོན་གསོ་རྟེན་གཞིར“བོད་ནས་ཨང་2000པའི”དམིགས་བསལ་ཁྱད་ཆོས་མངོན་ཡོད།

    སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་བཏང་བ།

    ཞོགས་པའི་སྨུག་པའི་ཁྲོད་ཀྱི་ཡར་ཀླུང་གཙང་པོའི་འགྲམ་དུ་སྤྱི་ལེ་160ལྷག་ཙམ་གྱི་ལྗང་མདོག་སྐྱེ་ཁམས་བར་ཁྱམས་རིང་པོ་གནས་ཡོད། གྲ་ནང་རྫོང་གྲ་ཐང་གྲོང་རྡལ་གྱི་སྐྱེ་ཁམས་ནགས་སྲུང་བ་ཚེ་རིང་སྒྲོལ་མས་ལག་ཐོགས་ཁ་པར་གྱི་སྐོར་སྲུང་APPཁ་ཕྱེ་སྐབས་དེ་རིང་སྤྱི་ལེ་5ཡི་སྐོར་སྲུང་ལམ་ཐིག་རང་འགུལ་ངང་གྲུབ་ཡོད། ཁོང་གིས་འགན་འཁུར་བའི་ནགས་ས་མུའུ་1000གི་ནང་ན་ནིང་གསར་དུ་བཏབ་པའི་སྦྱར་པ་གསོན་ཚད་92%ཟིན་པ་དང་། ཤྭ་བ་སེར་ཆེན་དང་། གནའ་བ། ཝ་མོ་སོགས་རི་སྐྱེས་སྲོག་ཆགས་ཡང་ཡང་ཐོན་གྱི་ཡོད།

    ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི(ལྷོ་རིའི་དུམ་བུ)བཀོད་འདོམས་ལྟེ་གནས་སུ་བརྙན་ཤེལ་ཆེན་པོའི་ངོས་སུ་ས་ཁུལ་ཁག་གི་ས་རྒྱུའི་བརླན་ཚད་དང་ལྗོན་ཤིང་གི་སྐྱེ་ཚུལ་དུས་ཐོག་ཏུ་མངོན་གྱི་ཡོད། དེ་ནི་ལྷོ་ཁ་གྲོང་ཁྱེར་གྱིས་གསར་གཏོད་བྱས་པའི“རི་ཆུ་ལས་གྲྭའི”གྲངས་འཛིན་ཅན་གྱི་དོ་དམ་ལས་སྟེགས་ཀྱིས་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ས་ཚིགས་247གྱི་གྲངས་གཞི་བསྡུ་སྒྲིལ་བྱས་པ་ལས་བྱུང་བ་ཞིག་རེད།

    སྐྱེ་ཁམས་ཐོན་ལས་ཅན་གྱི་འཚོལ་ཞིབ་ལ་འབྲས་བུ་གཡུར་དུ་ཟ་བ་ཐོབ་ཅིང་། མཚོ་སྣ་རྫོང་ལེགས་པོ་རོང་མཛེས་ལྗོངས་ཁུལ་གྱི་མ་ཎི་མགྲོན་ཁང་དུ་སྦྱིན་བདག་མཚོ་མོས་གསར་དུ་ཉོས་པའི་སྐྱེ་ཁམས་སྙིགས་ཟོམ་བསྡུ་བཞིན་མཆིས། “ང་ཚོའི་མགྲོན་ཁང་དུ་ཉི་འོད་ནུས་པའི་ཆུ་དྲོད་གཏོང་ཆས་སྤྱོད་པ་དང་། ཟ་ཁང་གི་གད་སྙིགས་ཚང་མ་སྐྱེ་ལྡན་ལུད་རྫས་སུ་བསྒྱུར་ནས་རྒྱབ་རིའི་མེ་ཏོག་ཡོད་སར་གཏོར་གྱི་ཡོད”སྣེ་གདོང་ཆུས་སྐྱེད་པ་ཤང་གི་བསྐྱར་སྐྱེ་འདམ་ར་སྤྱི་གླིང་དུ། སྔོན་ཆད་ཀྱི་གསེག་མ་བརྐོས་ཤུལ་ཁོད་སྙོམ་པ་དང་ཆུ་སྐྱེས་རྩི་ཤིང་བཏབ་པར་བརྟེན། ད་ཆ་ཁྲུང་ཁྲུང་མགོ་ཁྲ་སོགས་བྱ་རིགས་18སླེབས་ཡོད་པ་དང་གྲོང་མི་འཆམ་འཆམ་བྱེད་ས་ཡག་པོར་གྱུར་ཡོད།

    མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བརྟན་དུ་བཏང་བ།

    མཚོ་སྣ་གྲོང་ཁྱེར་སླད་ཤང་གི་མཐའ་མཚམས་འགོག་ཟོན་ལྟེ་གནས་སུ་ལས་རེས་པས་དམར་ཕྱིའི་དཔར་ཆས་ནས་མཐའ་མཚམས་ཀྱི་གནས་ཚུལ་ལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱེད་ཀྱི་ཡོད་ཅིང་། དེ་གར་བསྒར་བའི་རིག་ནུས་སྒྲིག་ཆས་ལ་ངོ་གདོང་དབྱེ་འབྱེད་དང་འཁོར་རིགས་རྩད་ཞིབ་སོགས་ཀྱི་བྱེད་ནུས་ལྡན་པ་མ་ཟད། “གྲངས་འཛིན་མཐའ་མཚམས་སོ་དམག”མ་ལག་གིས་མཐའ་མཚམས་སྡེ་ཚན་ལ་རམ་འདེགས་བྱས་ཏེ་མེས་རྒྱལ་གྱི་མཐའ་མཚམས་སྲུང་སྐྱོང་ཡང་བྱེད་བཞིན་ཡོད།

    ཨན་ཧུའེ་ཞིང་ཆེན་དུ་མཚོ་སྣ་གྲོང་ཁྱེར་ལེགས་པོ་རོང་ནས་ཐོན་པའི་མེའེ་ཇ་བཏབ་པ་དང་། ལོ་དུ་མའི་རིང་འདེབས་གསོ་བྱས་པ་བརྒྱུད་ཐོན་རྫས་དེ་ཨན་ཧུའེ་དང་། ཧྲང་ཧའེ། ཀོང་ཀྲོའུ་སོགས་ཡུལ་ལུང་མང་པོའི་རྒྱལ་སྤྱིའི་ཇའི་ཐོན་ལས་ཀྱི་འགྲེམས་ཚོགས་ལ་སྔ་རྗེས་སུ་ཞུགས་ཡོད། མིག་སྔར། “གངས་ལྗོངས་མེའེ་ཇ”ནི་མཚོ་སྣ་གྲོང་ཁྱེར་གྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་སྤུས་རྟགས་རྩེ་གྲས་རེད། “གངས་ལྗོངས་མེའེ་ཇ”ཐོན་ལས་ཀྱིས་མཐའ་མཚམས་ས་ཁུལ་གྱི་ཞིང་འབྲོག་དུད་ཁྱིམ་100ལྷག་ལ་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱས་པ་དང་དུས་མཚུངས་སུ་ས་མཐོའི་སྐྱེ་ཁམས་ལ་སྲུང་སྐྱོང་ཡང་བྱས་ཡོད།

    ད་ཆ་ལྷོ་ཁར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་པ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་སེམས་མཐུན་མཉམ་གནས། མི་དམངས་ཀྱི་འཚོ་བ་ཉིན་བཞིན་ཡག་ཏུ་སོང་བ་བཅས་ལས་གསོན་ཤུགས་ཆེན་པོ་དང་གཟི་འོད་ལམ་ལམ་མངོན་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།