དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《བྱ་ཐབས་འགའ་ཞིག》བཀྲམ་ནས་དམངས་ཁྲོད་ཀྱི་མ་འཇོག་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-11-13

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་10ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། དམངས་ཁྲོད་ཀྱི་མ་འཇོག་གསོན་ཤུགས་སྔར་བས་འཕེལ་བ་དང་དམངས་ཁྲོད་ཀྱི་མ་འཇོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《དམངས་ཁྲོད་ཀྱི་མ་འཇོག་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་

    གཏོང་བའི་སྐོར་གྱི་བྱ་ཐབས་འགའ་ཞིག》(གཤམ་དུ《བྱ་ཐབས་འགའ་ཞིག》ཅེས་བསྡུ་རྒྱུ)བཀྲམ་ནས་དམིགས་སའི་རང་བཞིན་ལྡན་པའི་སྲིད་ཇུས་དང་བྱེད་ཐབས་ཁག་13བཏོན་པ་རེད།

    འཇུག་འཐུས་བྱེད་རྒྱ་ཆེ་རུ་གཏོང་རྒྱུའི་ཐད། རྒྱལ་ཁབ་ལ་ཞིབ་མཆན(ཞིབ་དཔྱད་ཆོག་འཐུས)ཞུ་དགོས་པའི་ཁེ་འབབ་ངེས་ཅན་ལྡན་པའི་ལྕགས་ལམ་དང་ཉིང་གློག་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་རྣམ་གྲངས་ལ་དམངས་ཁྲོད་ཀྱི་མ་རྩ་ཞུགས་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་པ་མ་ཟད། མ་རྐང་བཟུང་བའི་བསྡུར་ཚད་སོགས་ཀྱི་ཐད་བླང་བྱ་ཁ་

    གསལ་བཟོས་ཡོད། ས་གནས་ཁག་གི་གཞི་ཁྱོན་ཅུང་ཆུང་བ་དང་ཁེ་སྤོགས་ཡོད་པའི་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ཁྱབ་ཁོངས་ཀྱི་གསར་སྐྲུན་རྣམ་གྲངས་ལ་དམངས་ཁྲོད་ཀྱི་མ་རྩ་འཛུགས་སྐྲུན་གཉེར་སྐྱོང་ནང་ཞུགས་པར་སྐུལ་ལྕག་གཏོང་བ། དམངས་ཁྲོད་ཀྱི་མ་རྩ་གོ་རིམ་ལྡན་པའི་ངང་དམའ་དབྱིངས་དཔལ་འབྱོར་དང་ཚོང་ལས་ཀྱི་འཇིག་རྟེན་

    འཕུར་སྐྱོད་སོགས་ཁྱབ་ཁོངས་ཀྱི་འཛུགས་སྐྲུན་ནང་ཞུགས་པར་ཁྲིད་སྟོན་བྱས་ཏེ་འཇོན་ཐང་ཡོད་པའི་དམངས་གཉེར་ཁེ་ལས་ཀྱིས་སྣེ་ཁྲིད་དེ་རྒྱལ་ཁབ་ཀྱི་ལག་རྩལ་འགག་སྒྲོལ་གྱི་ལས་འགན་གལ་ཆེན་འཁུར་བར་རྒྱབ་སྐྱོར་ཧུར་ཐག་བཅས་བྱེད་ཀྱི་ཡོད།

    བཀག་རྒྱ་སེལ་བའི་ཐད། དམངས་གཉེར་ཁེ་ལས་ཀྱིས་གློག་ཤུགས་དྲ་སྦྲེལ་འཁོར་སྐྱོད་དང་། སྣུམ་རླངས་མདོང་དྲའི་སྒྲིག་བཀོད་བེད་སྤྱོད། སྐྱེལ་འདྲེན་བྱེད་ནུས་ཀྱི་ཐོན་ཁུངས་བཀོད་སྒྲིག་སོགས་ཐད་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་དང་། དམངས་གཉེར་ཁེ་ལས་ཀྱིས་ལས་རིགས་ཀྱི་སྐུལ་ཁྲིད་ནུས་པ་ཅུང་ཆེ་བའི་ཚོད་ལྟའི་འཁོར་ཁང་གི་ལས་སྟེགས་

    གལ་ཆེན་ཁག་གཅིག་གང་མགྱོགས་སྐྲུན་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ཏེ་གཞུང་ཁོངས་ཁེ་ལས་དང་། མཐོ་རིམ་སློབ་གླིང་། ཚན་རིག་ཞིབ་འཇུག་ཁང་བཅས་ཀྱིས་དམངས་གཉེར་ཁེ་ལས་ལ་ཁྲོམ་ར་ཅན་གྱི་ཚོད་ལྟའི་ལས་སྟེགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད།

    འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད། ཀྲུང་དབྱང་གི་སྔོན་རྩིས་ནང་ནས་མ་དངུལ་འཇོག་པ་དང་སྲིད་ཇུས་རང་བཞིན་ལྡན་པའི་དངུལ་རྩའི་ལག་ཆ་གསར་པ་སོགས་ཆ་རྐྱེན་དང་མཐུན་པའི་དམངས་ཁྲོད་ཀྱི་མ་འཇོག་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་དམངས་གཉེར་ཁེ་

    ལས་ཀྱི་ལོ་འཁོར་གྱི་ཞབས་ཞུའི་དམིགས་ཚད་བཟོས་ནས་དམངས་གཉེར་ཁེ་ལས་ཀྱི་ཡིད་རྟོན་དངུལ་བུན་གྱི་ལུགས་མཐུན་དགོས་མཁོ་སྐོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།