དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་བྱེད་ཐབས་གསར་པ་བཏོན་ནས།

    ཕྱི་ནང་ཚོང་དོན་ཐོན་རྫས“ཐོན་སྐྱེད་དང་ཚད་གཞི། སྤུས་ཚད་གཅིག་མཚུངས”ཡོང་བར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-11-13

    འཛད་སྤྱོད་སྐུལ་སྤེལ་བྱེད་པའི་ཆེད་དོན་བྱ་སྤྱོད་ཀྱི་བཀོད་སྒྲིག་ཁག་དོན་འཁྱོལ་བྱས་ནས། ཕྱི་ནང་ཚོང་དོན་གཞི་གཅིག་ཅན་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་ཆེད། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཉེ་ཆར་སྤྱི་བསྒྲགས་བཀྲམ་སྟེ། ཕྱི་ནང་ཚོང་དོན་ཐོན་རྫས“ཐོན་སྐྱེད་དང་ཚད་གཞི། སྤུས་ཚད་གཅིག་མཚུངས”(གཤམ་དུ“གཅིག་མཚུངས་གསུམ”ཞེས་བསྡུ་རྒྱུ)བྱེད་ཐབས་མགྱོགས་མྱུར་སྤྱད་དེ་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས་ལུགས་བཏོན་ཡོད།

    ཁེ་ལས་ཀྱི་ངོས་ནས། ཁེ་ལས་ཁག་ལ“གཅིག་མཚུངས་གསུམ”གྱི་ཐོན་རྫས་འཕེལ་རྒྱས་གཏོང་བར་སྐུལ་མ་ཧུར་ཐག་གཏོང་དགོས་ཤིང་། དམིགས་བསལ་བཟའ་བཅའ་ཕུད། ཁེ་ལས་ཁག་གིས་རྒྱལ་ཁབ་ཕྱི་ནང་གི་འབྲེལ་ཡོད་ཚད་གཞི་གཞིར་བཟུང་རང་ཉིད་ཀྱི་ཐོན་རྫས“གཅིག་མཚུངས་གསུམ”གྱི་ཆ་རྐྱེན་དང་མཐུན་མིན་ལ་རང་བརྟེན་དཔྱད་དཔོག་བྱེད་ཆོག རང་ཉིད་ཀྱིས་དཔྱད་དཔོག་བྱས་པ་བརྒྱུད་ཆ་རྐྱེན་དང་མཐུན་པའི་ཐོན་རྫས་རིགས་ལ“གཅིག་མཚུངས་གསུམ”དང་མཐུན་པའི་གསལ་བསྒྲགས་སྤེལ་ནས། ཁེ་ལས་ཀྱི་ཁུར་པོ་སྔར་བས་ཡང་དུ་གཏོང་དགོས། སྒྲིག་གཞིའི་ངོས་ནས། “གཅིག་མཚུངས་གསུམ”གྱི་ཁེ་ལས་ལ་ལག་རྩལ་གྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། ཁས་ལེན་དཔང་འདོན་སྒྲིག་གཞིས་ཆེད་ལས་ཀྱི་ལེགས་ཆ་གང་ལེགས་བཏོན་ནས་རྒྱལ་ཁབ་ཕྱི་ནང་གི་ཚད་གཞིའི་ཧེ་བག་ལ་དབྱེ་ཞིབ་ཀྱིས་འདོད་མོས་ཡོད་པའི་ཁེ་ལས་ཁག་ལ་རང་འགུལ་ངང་ལག་རྩལ་དམིགས་ཚད་དང་ཞིབ་དཔྱད་ཚད་ལེན་བྱེད་ཐབས་སོགས་ཧེ་བག་གཙོ་བོ་དབྱེ་འབྱེད་བྱེད་རོགས་བྱེད་པ་དང་ཆབས་ཅིག དཔེ་བསྡུར་ལེགས་བཅོས་ཇུས་གཞི་བཟོ་བ་སོགས་ཀྱི་བྱེད་ཐབས་བརྒྱུད“གཅིག་མཚུངས་གསུམ”གྱི་ཁེ་ལས་ལ་མ་གནས་ཆུང་དུ་དང་ཕན་འབྲས་ཆེ་རུ་གཏོང་རོགས་བྱེད་དགོས། སྲིད་གཞུང་གི་ངོས་ནས། “གཅིག་མཚུངས་གསུམ”གྱི་ཁེ་ལས་ལ་སྲིད་ཇུས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།