རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་གསེར་གྱི་རྟགས་མ་ཐོག་མ་དེ་ཐོན་པ།

ཟླ་11ཚེས་10ཉིན། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་འགྲན་བྱེད་གྲུ་ཆུང་རྣམ་གྲངས་ཀྱི་མཐའ་བསྡུར་ཀོང་ཀྲོའུ་རུ་བྱས་པ་རེད། ཅང་སུའུ་རུ་ཁག་གིས་སྐྱེས་པའི་མི་བཞི་སྐྱ་གཉིས་ཀྱི་མཐའ་བསྡུར་ནང་ཨང་དང་པོ་བླངས་པ་དང་། དེ་ནི་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་འགོ་ཚུགས་མཛད་སྒོའི་རྗེས་ཐོན་པའི་གསེར་གྱི་རྟགས་མ་ཐོག་མ་དེ་རེད། འདི་ནི་ཨང་དང་པོ་ལེན་མཁན་ཅང་སུའུ་རུ་ཁག་གིས་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་དྲན་རྟེན་པར་རྒྱག་བཞིན་པ།
འབྲེལ་ཡོད་གསར་འགྱུར།