དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མེ་འཁོར་སྤ་སེའི་རིན་གོང་གཅོག་པའི་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ།

    ཤུགས་འགྲེམས་མེ་འཁོར་1300ལྷག་ཙམ་གྱི་སྤ་སེའི་རིན་གོང་བཅུ་ཆ་དྲུག་ཙམ་གཅོག་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-11-13

    གསར་འགོད་པས་རྒྱལ་ཁབ་ལྕགས་ལམ་ཚོགས་པ་འགྲུལ་སྐྱེལ་ལྟེ་གནས་དང་འབྲེལ་ཡོད་ལྕགས་ལམ་ཅུས་ཚོགས་པ་ཀུང་སི་ནས་ཤེས་རྟོགས་བྱས་པ་ལྟར་ན། ཉེ་དུས། ལྕགས་ལམ་སྡེ་ཚན་གྱིས་ལམ་ཐིག་130ལྷག་ཙམ་གྱི་ཤུགས་འགྲེམས་མེ་འཁོར་1300ལྷག་ཙམ་གྱི་སྤ་སེའི་རིན་གོང་གཅོག་ཚད་ཆེ་རུ་བཏང་ཞིང་། དེའི་ནང་ནས་སློབ་མ་དང་། ཕྲུ་གུ དམག་མི་དབང་པོ་སྐྱོན་ཅན། རྨས་སྐྱོན་ཕོག་པའི་མི་དམངས་ཉེན་རྟོག་པ། མེ་ཟོན་རོགས་སྐྱོབ་པ་དབང་པོ་སྐྱོན་ཅན་སོགས་དམིགས་བསལ་ཁྱུ་ཚོགས་ཀྱི་འགྲུལ་པར་མུ་མཐུད“གོང་གཅོག་འཕར་མ”ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་། སྤ་སེའི་རིན་གོང་བཅུ་ཆ་དྲུག་ཙམ་གཅོག་རྒྱུ་ཡིན་པ་རེད།

    ལེགས་སྒྲིག་བྱས་རྗེས། འབྲེལ་ཡོད་ཀྱི་ཤུགས་འགྲེམས་མེ་འཁོར་གྱི་ལག་བསྟར་སྤ་སེའི་རིན་གོང་ནི་ལྕགས་ལམ་12306ལས་མངོན་པའི་ཡོངས་བསྒྲགས་ཀྱི་སྤ་སེའི་རིན་གོང་དེ་མཐོ་ཤོས་ཡིན་ལ། ས་ཁོངས་དང་། འགྲུལ་པ་མང་ཉུང་གི་དུས་ཚིགས། དུས་མཚམས་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་ཡོངས་ནས་གཞིགས་ཏེ་ཚད་གཞི་མི་འདྲ་བའི་སྒོ་ནས་གོང་ཚད་གཅོག་གི་ཡོད། འགྲུལ་བཞུད་དུས་ཚོད་རིང་བ་དང་འགྲུལ་པ་སྡོད་ཚད་ཉུང་བའི་མེ་འཁོར་ཁག་གཅིག་གི་སྤ་སེའི་རིན་གོང་མང་ཙམ་གཅོག་གི་ཡོད་ཅིང་། མྱུར་ཚད་ཅུང་མགྱོགས་ལ་ཡུན་རིང་པོར་མཁོ་མང་སྤྲོད་ཉུང་གི་མེ་འཁོར་ཁག་གཅིག་ལ་སྤ་སེའི་རིན་གོང་ཏོག་ཙམ་གཅོག་པའམ་ཡང་ན་མི་གཅོག་པར་མྱུར་ཚད་མགྱོགས་པ་དང་། རིན་གོང་མི་འདྲ་བ། གཉེར་སྐྱོང་དུས་མཚམས་མི་འདྲ་བ་བཅས་ཀྱི་ཁྱད་པར་ཅན་གྱི་འགྲུལ་སྐྱེལ་བྱེད་སྟངས་གྲུབ་པར་སྐུལ་འདེད་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།