དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “དྲ་སྦྲེལ་གྱི་འོད་སྣང”ཞེས་པའི་འགྲེམས་ཚོགས་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-11-13

    ཉེ་ཆར། 2025ལོའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་གྱི“དྲ་སྦྲེལ་གྱི་འོད་སྣང”ཞེས་པའི་འགྲེམས་ཚོགས་ཀྲེ་ཅང་ཝུའུ་ཀྲེན་དུ་འགོ་ཚུགས་ཤིང་། ད་ཐེངས་ཀྱི་འགྲེམས་ཚོགས་ཀྱིས“AIམཉམ་གནས། རིག་འབྱེད་མ་འོངས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་། “མི་ཐབས་རིག་ནུས་+”འགྲེམས་སྟོན་གྱི་གཙོ་གནད་དུ་བཟུང་ནས། འགྲེམས་ཁང་ཆེན་པོ་གཉིས་དང་བརྗོད་དོན་གཙོ་བོའི་འགྲེམས་ཁུལ་7བཟོས་པར། གོ་ལ་ཧྲིལ་པོའི་ཁེ་ལས་600ལྷག་ཙམ་གྱིས་མི་ཐབས་རིག་ནུས་ཀྱི་སྔོན་ཐོན་ལག་རྩལ་ཐོན་རྫས་1000ལྷག་ཙམ་བཤམས་པ་རེད། འདི་ནི་ཉེ་ཆར། ལྟད་མོ་བས་2025ལོའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་གྱི“དྲ་སྦྲེལ་གྱི་འོད་སྣང”ཞེས་པའི་འགྲེམས་ཚོགས་ཀྱི་ས་ཡུལ་དངོས་སུ་པར་རྒྱག་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།