དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2025ལོའི་ཀྲུང་གོ་རྒྱལ་སྤྱིའི་རིག་ནུས་ཁྱབ་སྤེལ་གླེང་སྟེགས་ཝུའུ་ཤིས་སུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-11-13

    ཉེ་ཆར། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་གཉེར་བྱས་པའི་2025ལོའི་ཀྲུང་གོ་རྒྱལ་སྤྱིའི་རིག་ནུས་ཁྱབ་སྤེལ་གླེང་སྟེགས་ཅང་སུའུ་ཝུའུ་ཤིས་སུ་འཚོགས་པ་རེད།

    ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གིས་ས་ཡུལ་དངོས་སུ《2025ལོའི་ཀྲུང་གོའི་གྲོང་ཁྱེར་གྱི་རྒྱལ་སྤྱིའི་རིག་ནུས་ཁྱབ་སྤེལ་ནུས་པའི་མིང་ཐོ》ཁྱབ་བསྒྲགས་བྱས་པ་དང་། སྤྱི་ཁྱབ་ལས་ཁུངས་ཀྲུང་དབྱང་བརྙན་འཕྲིན་དྲ་བ་དང་པེ་ཅིང་ཕྱི་རྒྱལ་སྐད་ཡིག་སློབ་ཆེན་གྱིས་ཅང་ནན་སློབ་ཆེན་དང་མཉམ་དུ་བཏོད་པའི་གོ་ལ་ཧྲིལ་པོའི་སྐད་ཡིག་ཞབས་ཞུའི་གླེང་སྟེགས་འབྲི་ཆུའི་ཟུར་གསུམ་རྟེན་གཞི་ཝུའུ་ཤིས་སུ་བཙུགས་པ་རེད། གླེང་སྟེགས་ཐོག ད་དུང“འཛམ་གླིང་གཞོན་ནུའི་སྨྲ་བ”གྲལ་སྒོར་གླེང་མོལ་འཚོགས་པ་དང་འབྲེལ། AIགྲངས་འཛིན་པའི་གླེང་སྟེགས་དང་། གྲོང་ཁྱེར་གཟུགས་བརྙན་རྒྱལ་སྤྱིར་ཁྱབ་སྤེལ་བྱེད་པའི(ཝུའུ་ཤིས)གླེང་སྟེགས། གློག་བརྙན(ཝུའུ་ཤིས)གླེང་སྟེགས། དེ་བཞིན“ཤེས་སྦྱོར་ཀྲུང་གོ·རིག་ནུས་ཝུའུ་ཤིས”ཀྱི་ཕྱི་རྒྱལ་སྨྱན་སྦྱོར་གྱི་འགྲོ་སྦྱོང་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ཅང་སུའུ་ཡིས་གླེང་སྟེགས་གཉེར་བའི་གོ་སྐབས་དང་བསྟུན་ནས་ཐོན་ཁུངས་བསྡུ་སྒྲིལ་དང་སྟོབས་ཤུགས་སྤྱི་འདོམས་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་བ་དང་། རྒྱལ་སྤྱིའི་ཁྱབ་སྤེལ་ཕན་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ལག་རྩལ་གྱིས་མཐུན་རྐྱེན་སྦྱོར་ནུས་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ནས། ཁྱབ་སྤེལ་འཁོར་འབྲེལ་ཧྲིལ་པོ་སྤུས་འབྲས་ལེགས་གཉེར་ཡོང་བར་རམ་འདེགས་བྱེད་པ་དང་། ནང་དོན་སྤུས་ལེགས་སྔར་བས་བརྟན་སྲུང་བྱས་ཏེ་ཀྲུང་གོའི་སྙིང་སྟོབས་མཚོན་པའི་ཐོག་ཅང་སུའུ་ཡི་ཁྱད་ཆོས་ལྡན་པའི་ཁྱབ་སྤེལ་བརྩམས་ཆོས་སྤུས་དག་རྒྱུན་མཐུད་གཏོད་པ། གཉིས་ཕན་མཉམ་ལས་སྔར་བས་ཟབ་ཏུ་བཏང་ནས་ལག་གདང་འབྲེལ་ཏེ་སྒོ་དབྱེ་དང་། བསྟུན་མཁས། གསར་གཏོད་བཅས་ཀྱི་རིག་ནུས་ཁྱབ་སྤེལ་སྐྱེ་ཁམས་མ་ལག་ཅིག་གཏོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།