དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • 2025ལོའི་མཚོ་སྔོན་ཞིང་ཆེན་གྱི་དྲ་རྒྱའི་ཤེས་དཔལ་གཟའ་འཁོར་གྱི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-11-13

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཟླ་11ཚེས་10ཉིན། མཚོ་སྔོན་ཞིང་ཨུད་དྲིལ་བསྒྲགས་པུའུ་དང་། ཞིང་ཨུད་དྲ་འཕྲིན་གཞུང་ལས་ཁང་། ཞིང་ཨུད་བསམ་པའི་དཔལ་ཡོན་སྲོལ་གཏོད་གཞུང་ལས་ཁང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་དང་། ཟི་ལིང་གྲོང་ཨུད་དྲ་འཕྲིན་གཞུང་ལས་ཁང་དང་ཏ་ཐུང་རྫོང་ཨུད་དྲིལ་བསྒྲགས་པུས་གཉེར་འགན་འཁུར་བའི་2025ལོའི་མཚོ་སྔོན་ཞིང་ཆེན་གྱི་དྲ་རྒྱའི་ཤེས་དཔལ་གཟའ་འཁོར་གྱི་བྱེད་སྒོ་ཏ་ཐུང་ཧུད་རིགས་ཐུའུ་རིགས་རང་སྐྱོང་རྫོང་གི་དྲ་རྒྱའི་ཤེས་དཔལ་སློབ་གསོ་ལག་ལེན་རྟེན་གཞིར་དངོས་སུ་སྤེལ་འགོ་ཚུགས་པ་རེད།

    ད་ཐེངས་ཀྱི་ཤེས་དཔལ་གཟའ་འཁོར་གྱིས“ཆུ་འགོའི་དྲང་ནུས་དྲ་རྒྱར་བསྡུས། དྭངས་གསལ་གྱི་Eབར་མཐོངས་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། དེའི་དམིགས་ཡུལ་ནི་དྲ་རྒྱའི་ཤེས་དཔལ་གྱི་འདུ་ཤེས་ཁྱབ་སྤེལ་དང་དྲ་དམངས་ཀྱི་ཤེས་དཔལ་བྱང་ཚད་མཐོ་རུ་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དྲ་རྒྱའི་བར་མཐོངས་སུ་རྩ་བ་ཚུགས་རྒྱུར་སྐུལ་འདེད་བཏང་ནས་མཚོ་སྔོན་གྱི་དྲ་རྒྱའི་ཤེས་དཔལ་འཛུགས་སྐྱོང་གི་རྣམ་པ་གསར་པ་གཏོད་ཆེད་ཡིན་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ“མཚོ་སྔོན་གྱི་དྲ་རྒྱའི་ཤེས་དཔལ་དྲིལ་བསྒྲགས་པའི”ལག་ཁྱེར་སྤྲད་པ་དང་། 《མཚོ་སྔོན་ཞིང་ཆེན་གྱི་དྲ་རྒྱའི་ཤེས་དཔལ་གྱི་གྲོས་འགོའི་ཡི་གེ》སྒྲོག་སྦྱངས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དྲ་དམངས་ཀྱིས་མཉམ་དུ་དྲ་རྒྱའི་ཤེས་དཔལ་ཚད་ལྡན་ཡོང་བར་བྱས་ནས་ཡར་ཐོན་ཡར་བརྩོན་གྱི་སྟོབས་ཤུགས་མུ་མཐུད་གཅིག་ཏུ་བསྒྲིལ་ཏེ་ལག་གདང་སྦྲེལ་ནས་ཤེས་དཔལ་དང་། སྐྱོན་བྲལ། དྭངས་གཙང་བཅས་ཀྱི་དྲ་རྒྱའི་ཁྱིམ་གཞིས་ཐུན་མོང་ཐོག་སྐྲུན་དགོས་པའི་འབོད་སྐུལ་བྱས་པ་རེད། དེ་རྗེས་ཚོགས་ཞུགས་མི་སྣས་ད་དུང་ཏ་ཐུང་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་དང་མཚོ་སྔོན་ཞིང་ཆེན་གྱི་དྲ་རྒྱའི་ཤེས་དཔལ་གྱི་སློབ་གསོའི་ལག་ལེན་རྟེན་གཞིར་ལྟ་སྐོར་བྱས་པ་རེད།

    ད་ཐེངས་ཀྱི་དྲ་རྒྱའི་ཤེས་དཔལ་གཟའ་འཁོར་གྱི་བྱེད་སྒོའི་དུས་ཡུན་གཟའ་འཁོར་གཅིག་ཡིན་པ་དང་། ནང་དོན་ཕུན་སུམ་ཚོགས་པས་ལྟེ་བའི་ལེ་ཚན་ཆེན་པོ་ལྔར་ཁྱབ་ནས་དྲ་ཐོག་དང་དྲ་ཕྱིར་མཉམ་དུ་ཤུགས་བརྒྱབ་པ་མ་ཟད། ནང་དོན་ཕུན་སུམ་ཚོགས་ཤིང་རྣམ་པ་སྣ་ཚོགས་པའི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་བྱས་པའི་ནང་དྲ་རྒྱའི་ཤེས་དཔལ་གྱི་ཤེས་བྱའི་བྱ་དགའི་དྲི་བ་དྲིས་ལན་དང་། ཕུལ་བྱུང་དྲ་རྒྱའི་ཤེས་དཔལ་འཛུགས་སྐྱོང་གི་དཔེ་མཚོན་བསྡུ་རུབ། ཀྲུང་ཧྭའི་གསུང་རབ་གྱེར་འདོན་ཚོགས་ཆེན་གྱི་མཚོ་སྔོན་ས་ཚིགས་ཀྱི་སྤྱི་ཡོངས་འཁྲབ་སྟོན། དྲ་རྒྱའི་Vཆེན་གྱི་བཞུགས་མོལ་ཚོགས་འདུ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི་དྲ་རྒྱའི་ཤེས་དཔལ་གྱི་སློབ་གསོའི་ལག་ལེན་རྟེན་གཞིར་བཅར་འདྲིར་སྐྱོད་པ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་ཚུད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།