དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས“འཆམ་མཐུན”སྤུས་རྟགས་བཏོད་ནས་འགལ་བ་དང་རྩོད་གཞི་སེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-11-13

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོ་ཚུན་དུ། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་ས་གནས་དེ་གའི་སྟར་གའི་ཐོན་ལས་ཀྱི་ལོ་རྒྱུས་རིག་གནས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ། “ལོ་ངོ་སྟོང་གི‘སྟར་གའི’རིག་གནས་གཏོད། བྱ་བ་མཐའ་དག་ཞི་མཐུན་ཐག་གཅོད་བྱེད”ཅེས་པའི་འགལ་བ་དང་རྩོད་གཞི་འདུམ་འགྲིག་བྱེད་པའི་སྤུས་རྟགས་གསར་དུ་བཏོད་པ་མ་ཟད། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་ལག་ལེན་ནང་མཉམ་འདྲེས་བྱས་པར་ཕན་འབྲས་བཟང་པོ་ཐོབ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་ཚ་རྫོང་གི་སྟར་སྡོང་གི་རྩ་བ་བརྟན་ལ་སྐྱེ་འཚར་བཟང་བ་དང་རྩ་བ་ཕན་ཚུན་འདྲེས་པའི་ཁྱད་ཆོས་དབང་གིས་ས་གནས་དེ་གའི་མང་ཚོགས་ཀྱིས་ཁྱིམ་མཚེས་དབར་ཞི་མཐུན་མཉམ་གནས་ཀྱི་རིག་གནས་མཚོན་རྟགས་ཤིག་ཏུ་བརྩི་ཡི་ཡོད། འདིས“འཆམ་མཐུན”འདུམ་འགྲིག་སྤུས་རྟགས་གཏོད་པར་རིག་གནས་ཀྱི་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། རྒྱ་ཚ་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་དུས་བབ་དང་བསྟུན་ནས་རིག་གནས་ཀྱི་འདུ་ཤེས་དེ་ལག་ལེན་དངོས་སུ་འགྱུར་བར་བྱས་ཏེ“འཆམ་མཐུན”སྤུས་རྟགས་འདུམ་འགྲིག་ཁང་བཙུགས་ནས། གནས་ལུགས་དང་བཅའ་ཁྲིམས་ཟུང་འབྲེལ་གྱི་བྱ་ཐབས་བརྒྱུད་འགལ་བ་དང་རྩོད་གཞི་ཐག་གཅོད་བྱེད་ཀྱི་ཡོད། ད་ལོའི་ཟླ་7པར། འདུམ་འགྲིག་པས་ངལ་རྩོལ་གྱི་གླ་ཆ་འགྱངས་ཆད་ཀྱི་རྩོད་གཞི་ཞིག་ཐག་གཅོད་བྱེད་སྐབས། རྒྱ་ཚའི་སྟར་གའི་རིག་གནས་ཀྱི་དོན་སྙིང་དྲངས་ནས་ཁ་ཏ་བསླབ་བྱ་བྱས་པ་མ་ཟད། ས་ཚིགས་སུ་བཅའ་སྡོད་ཁྲིམས་རྩོད་པ་དང་མཉམ་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་འབྲེལ་ཡོད་གཏན་འབེབས་ལ་འཆད་འགྲེལ་བྱས་པ་དང་། མི་སྤྱི་སྡེ་ཚན་དེའི་ནང་ཞུགས་རྒྱུར་མཐུན་སྦྱོར་བྱས་པས། མཐར་འགན་ལེན་ལས་དཔོན་གྱིས་འགྱངས་ཆད་བྱས་པའི་དངུལ་ཚང་མ་སྤྲད་ནས་འགལ་བ་དང་རྩོད་གཞིའི་ཕྱོགས་གཉིས་འདུམ་འགྲིག་བྱུང་བ་རེད།

    དེ་དང་ཆབས་ཅིག “འཆམ་མཐུན”སྤུས་རྟགས་འདུམ་འགྲིག་བྱེད་སྟངས་གཞི་རིམ་དུ་རྒྱུན་ཆད་མེད་པར་སྣུར་སྲིང་བྱས་ཡོད། རྒྱ་ཚ་རྫོང་ངར་རབ་གྲོང་རྡལ་ལ་སྒང་གྲོང་ཚོའི་ཉེན་དམངས་དབར་སྙིང་གཏམ་ཤོད་རེས་ཀྱི་ཚོགས་འདུའི་ཐོག་ཉེན་རྟོག་པས་གྲོང་ཚོའི་ལས་བྱེད་པ་དང་མཉམ་དུ་ཡུལ་མི་ཁྱིམ་མཚེས་དབར་གྱི་འགལ་བ་དང་རྩོད་གཞི་ཐག་གཅོད་བྱེད་སྐབས། རྩོད་གཞི་ཐོན་ས་ཕྱོགས་གཉིས་པོས་ས་མཚམས་ཡིན་པའི་སྟར་སྡོང་ལ་མཉམ་དུ་ཡལ་གཅོད་བརྒྱབ་པ་བརྒྱུད་མང་ཚོགས་ཀྱི་ཁང་སའི་ས་མཚམས་ཀྱི་རྩོད་གཞི་ཐག་གཅོད་ཐུབ་ཡོད། དེ་ལྟ་བུ་རིག་གནས་ཀྱི་གོ་དོན་ལ་བརྟེན་ནས་ཁྱིམ་མཚེས་དབར་ཕན་ཚུན་རོགས་རེས་བྱ་རྒྱུ་གཙོ་བོར་འཛིན་པའི་འདུམ་འགྲིག་བྱེད་སྟངས་དེ་ས་གནས་དེ་གའི་འགལ་བ་དང་རྩོད་གཞི་འདུམ་འགྲིག་གི་ལས་དོན་གྱི་ཁྱད་ཆོས་ལྡན་པའི་བྱེད་སྟངས་ཤིག་ཏུ་གྱུར་ཡོད།

    དེས་མ་ཚད། རྒྱ་ཚ་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་ད་དུང“འཆམ་མཐུན་རྩ་བར་འཛིན་པའི”རིག་གནས་ཀྱི་རྣམ་པ་གཏོད་རྒྱུར་མཐོང་ཆེན་བྱས་ཏེ། “སྟར་གའི་རིག་གནས་ཁུལ་ཆུང”བཏོད་ནས་ཁྱིམ་མཚེས་དབར་འཆམ་མཐུན་མཉམ་གནས་བྱེད་པའི་མི་སེམས་འགུལ་བའི་གཏམ་རྒྱུད་དྲིལ་བསྒྲགས་བྱས་ཏེ། མང་ཚོགས་དབར་ཕན་ཚུན་རོགས་རེས་ཀྱི་ཤེས་ཚོར་སྔར་བས་ཟབ་ཏུ་བཏང་བ་མ་ཟད། “རྒྱ་ཚར་ངའི་ལོ་ངོ་སྟོང་གི་སྟར་སྡོང་ཞིག་ཡོད”ཅེས་པའི་གནའ་བོའི་ཤིང་སྡོང་གསོ་སྐྱོང་བྱེད་སྒོའི་ཁྲོད་ཁྲིམས་ལྟར་བྱ་བ་སྒྲུབ་པ་དང་ཕན་ཚུན་དབར་འཆམ་མཐུན་གྱི་འདུ་ཤེས་འཛིན་དགོས་པ་མཉམ་དུ་དྲིལ་བསྒྲགས་བྱས་ཏེ། ཞི་མཐུན་མཉམ་གནས་ཀྱི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2025ལོའི་ཟླ་10པའི་བར། རྒྱ་ཚ་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་འགལ་བ་དང་རྩོད་གཞི་ཁག་66འདུམ་འགྲིག་བྱས་པར་གྱོད་འབྲེལ་དངུལ་སྒོར་ཁྲི་850ལྷག་ཙམ་ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།