མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་ལ“གནམ་མིག”མ་ལག་བསྒར་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། མཚོ་སྔོན་ཞིང་ཆེན་རྐང་ཚ་རྫོང་དུ་Xརླབས་དུམ་གནམ་གཤིས་ལེ་ཏ་ཐོག་མ་སྒྲིག་སྦྱོར་ཟིན་པ་དེ་ཐོག་ནས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་དང་དེ་བཞིན་མཐའ་འཁོར་ས་ཁོངས་ཀྱི་གནམ་གཤིས་ལ་ལྟ་ཞིབ་ཚད་ལེན་ནུས་པ་ཆེ་རུ་ཕྱིན་པ་མཚོན་ཡོད།
གསར་དུ་བསྐྲུན་པའི་Xརླབས་དུམ་གནམ་གཤིས་ལེ་ཏར་ཡུལ་དུས་དབྱེ་འབྱེད་ཐུབ་ཚད་མཐོ་བ་དང་། འཚོལ་ཞིབ་ཐིག་ལེན་གྱི་ཞིབ་ཚད་མཐོ་བ། བཤར་འབེབས་བྱེད་ནུས་མགྱོགས་པ་བཅས་ཀྱི་ནུས་པ་ལྡན་པས་ཚད་གཞི་ཆུང་འབྲིང་གི་གནམ་གཤིས་འགྱུར་ལྡོག་ངོས་འཛིན་གནད་སྨིན་ཐུབ་ནས་གནམ་གཤིས་རང་འགུལ་ས་ཚིགས་ཀྱི་ལྟ་ཞིབ་ཚད་ལེན་གྱི་མུན་ཁུལ་ནུས་ལྡན་ངང་གསབ་སྟེ། མཚོ་སྔོན་པོའི་མཐའ་འཁོར་ས་ཁུལ་གྱི་ཐོལ་བྱུང་རང་བཞིན་གྱི་གཏད་རྒྱུག་ཆེ་བ་སོགས་རྙོག་འཛིང་ཆེ་བའི་གནམ་གཤིས་ལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་དང་། རྗེས་སྙེགས། སྔོན་ཚུད་ཉེན་གཏོང་བཅས་ཀྱི་བྱེད་ནུས་མངོན་གསལ་དོད་པོས་མཐོ་རུ་འགྲོ་ཐུབ། དེའི་ཞིབ་ཚད་མཐོ་བའི་གྲངས་གཞིས་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་བདེ་འཇགས་ལ་འགག་རྩའི་ཚན་རྩལ་གྱི་འདེགས་སྐྱོར་ཐུབ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།