དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངའ་རིས་ས་ཁུལ་གྱི་ལས་བྱེད་ལས་བཟོའི་ལས་ཤག་སྐྲུན་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-13

    གསར་འགོད་པས་མངའ་རིས་ས་ཁུལ་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ནས་ཤེས་རྟོགས་བྱས་པར། ཅུས་དེས་འགན་འཁུར་ནས་ལག་བསྟར་བྱེད་པའི་མངའ་རིས་ས་ཁུལ་གྱི་ལས་བྱེད་ལས་བཟོའི་2025ལོའི་ལས་ཤག་འཛུགས་སྐྲུན་རྣམ་གྲངས་ཟླ་11ཚེས་6ཉིན་དངོས་སུ་ལས་འགོ་བཙུགས་པ་དང་། འཆར་གཞི་ལྟར་ན་2026ལོའི་ཟླ་9ཚེས་10ཉིན་ལས་མཇུག་བསྒྲིལ་རྒྱུ་ཡིན་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་དེ་ནི་ལས་ཤག་གསར་སྐྲུན་གྱི་ལས་གྲྭ་ཡིན་པ་དང་གཙོ་བོ་བཤིག་གཏོར་ལས་གྲྭ་དང་མཛེས་རྒྱན། སྒྲིག་སྦྱོར་ལས་གྲྭ དེ་བཞིན་ཕྱི་རོལ་གྱི་ལེ་ལག་ཚང་བའི་སྒྲིག་ཆས་ལས་གྲྭ་སོགས་ཚུད་ཡོད་ཅིང་། བསྡོམས་ས་ཆ་ཁག་གསུམ་ཡོད་པའི་ནང་ཏང་གི་སློབ་གྲྭའི་ས་ཆའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་1771.21(བསྡོམས་དུད་ཚང་24)ཡིན་པ་དང་། གྲོང་ཁྱེར་ལྟ་འདོམས་ཅུས་ཀྱི(སྤུས་ཚད་ཞིབ་བཤེར་ས་ཚིགས་རྙིང་པ)ས་ཆའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་6943.81(ཤེས་ལྡན་པའི་ལས་ཤག་བསྡོམས་དུད་ཚང་100)ཡིན་པ། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ས་ཆའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་4094.16(བསྡོམས་དུད་ཚང་42)ཡོད་པ་དང་དེ་ཁང་པ་སྨི་ངོས་གྲུ་60དང་སྨི་ངོས་གྲུ་80གཉིས་ལ་དབྱེ་ཡོད། རགས་རྩིས་བརྒྱབ་ན་རྣམ་གྲངས་དེར་མ་དངུལ་བསྡོམས་སྒོར་ཁྲི་7077.96བཏང་བ་དང་མ་དངུལ་ཡོང་ཁུངས་ནི་སྲིད་གཞུང་གི་སྤྱིར་བཏང་བུན་འཛིན་མ་དངུལ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།