ལྗོངས་ཡོངས་ཀྱི་དུས་ཚིགས་བཞི་པའི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་ལས་དོན་བཀོད་གཏོང་ཚོགས་འདུ་འཚོགས་པ།
ཚེས་10ཉིན་གྱི་ཕྱི་དྲོར། ལྗོངས་ཡོངས་ཀྱི་དུས་ཚིགས་བཞི་པའི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་ལས་དོན་བཀོད་གཏོང་ཚོགས་འདུ་འཚོགས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་རྒྱལ་ཡོངས་ཀྱི་དགུན་དཔྱིད་གཉིས་ཀྱི་ཞིང་ནང་ཆུ་བེད་དང་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་གྱི་བརྙན་ལམ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ་ལྗོངས་ཡོངས་ཀྱི་དུས་ཚིགས་བཞི་པའི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་ལས་དོན་བཀོད་གཏོང་བཀོད་སྒྲིག་བྱས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་རིང་ཕུན་ཚོགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཁྱོན་ཡོངས་ལ་དམ་འཛིན་བྱས་ནས་མཐོང་རྒྱ་ཆེ་རུ་གཏོང་བ་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་བརྟེན་ནས་ཞིང་ལས་དང་གྲོང་གསེབ་ཀྱི་ལས་དོན་ལ་སྣེ་ཁྲིད་བྱས་ཏེ། རྒྱུན་རྣམ་རོགས་སྐྱོར་གྱིས་གནད་སྨིན་ལ་སྣང་ཆེན་དང་། འཐབ་ཇུས་ཀྱི་ངེས་ཤུགས་ལ་བརྟེན་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། འཛུགས་སྐྲུན་དོ་དམ་གལ་ཆེ་མཉམ་འཛིན་གྱིས་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། དངོས་སྒྲུབ་ཀྱི་རྣམ་འགྱུར་ཐོག་ནས་ཞིང་ནང་ཆུ་བེད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། མིག་སྔར་དོན་འཁྱོལ་ལ་དམ་འཛིན་བྱེད་པར་དམིགས་པ་དང་འགག་སྒྲོལ་གྱི་རྣམ་འགྱུར་ཐོག་ནས་ལོ་འཁོར་གྱི་གཙོ་གནད་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ། ཞིང་འབྲོག་པའི་འབབ་འཕར་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས། ཕྱོགས་ཡོངས་རྩིས་བཤེར་དང་ཞིབ་དཔྱད་བསུ་བའི་ཐད་འབད་བརྩོན་ཆེན་པོ་བྱས་ཏེ། གཙོ་གནད་ལ་དམིགས་པ་དང་འགག་སྒྲོལ་ལ་གཞིགས་ནས“ཞིང་གསུམ”ལས་དོན་ལ་ཕན་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།