ཤུགས་མདའ་ཨང་དང་པོ་རྟགས་ཅན་གྱི་རྒྱང་ཚོར་དགུ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕེན་གཏོང་ལམ་ལྷོངས་བྱུང་བ།

འདི་ནི་ཤུགས་མདའ་ཨང་དང་པོ་རྟགས་ཅན་གྱི་རྒྱང་ཚོར་དགུ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕེན་གཏོང་བྱ་ཡུལ་ཡིན་པ།
ཚེས་9ཉིན་གྱི་ཆུ་ཚོད་11དང་སྐར་མ་32ལ། ཤུགས་མདའ་ཨང་དང་པོ་རྟགས་ཅན་གྱི་རྒྱང་ཚོར་དགུ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཤར་རླུང་ཚོང་ལས་འཇིག་རྟེན་འཕུར་སྐྱོད་གསར་གཏོད་ཚོད་ལྟ་ཁུལ་ནས་འཕེན་གཏོང་བྱས་ཤིང་། དེའི་ནང་བླུགས་པའི་ཁྲུའུ་ཐེན་ཨང་གཉིས་པའི་ལག་རྩལ་ཚོད་ལྟའི་སྐར་མ་01དང་02བདེ་བླག་ངང་སྔོན་གཏན་འཁེལ་བའི་འཁོར་ལམ་ཐོག་བཏང་ནས་འཕུར་སྐྱོད་ཚོད་ལྟའི་ལས་འགན་ཐུགས་གྲ་ལེགས་འགྲིག་བྱུང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་མེ་ཤུགས་འཕུར་མདའ་དེར“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ”ཞེས་པའི་ཡི་གེ་དང་འགྲན་བསྡུར་གྱི་མཚོན་རྟགས་དམིགས་བསལ་བཀོད་ཡོད་པ་དང་། མེ་ཤུགས་འཕུར་མདའི་ཐོག་ཀོང་ཏུང་གི་ཀོང་ཀྲོའུ་རུ་གཉེར་བའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་རིམ་བྱུང་གི་དྲན་རྟེན་སྦྲག་འཛིན་བླུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།