དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་མཚོ་སྔོན་དུ་སྒྲོག་འགྲེལ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-11-12

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་11ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་9ཉིན་དང་ཚེས་10ཉིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་མཚོ་སྔོན་ཞིང་ཆེན་དུ་སྒྲོག་འགྲེལ་བྱས་ཤིང་། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ། ཀྲུང་དབྱང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ཀྲུའུ་ཝེ་ཏུང་གིས་སྒྲོག་འགྲེལ་སྙན་ཞུ་གནང་བ་རེད།

    སྙན་ཞུའི་ཚོགས་འདུའི་ཐོག ཀྲུའུ་ཝེ་ཏུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཚང་འཛོམས་གྲོས་ཚོགས་ཀྱི《གྲོས་འགོ》སློབ་སྦྱོང་དང་ལག་བསྟར་བྱེད་པར་དམིགས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་འཕེལ་རིམ་ཁྲོད་ཀྱི་གནས་བབ་གལ་ཆེན་ཁོང་དུ་ཡང་དག་ཆུད་པར་བྱེད་པ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་ཁྲིད་བྱེད་ཕྱོགས་དང་དམིགས་ཚད་གཙོ་བོར་གོ་བ་གཏིང་ཟབ་ལེན་པ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་ལས་འགན་དང་བྱེད་ཐབས་གལ་ཆེན་ཕྱོགས་ཡོངས་ནས་ཤེས་རྟོགས་བྱེད་པ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་ནས་མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་རིམ་ལྡན་པའི་ངང་སྒྲོག་འགྲེལ་དང་གསལ་འགྲེལ་གཏིང་ཟབ་བྱས་པ་རེད།

    ཀྲུའུ་ཝེ་ཏུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཚེ་གཞི་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སྔར་བས་གོ་བ་གཏིང་ཟབ་ལེན་པ་དང་། ཁོང་དུ་ཡག་པོ་ཆུད་པ། ལག་བསྟར་ཡག་པོ་བཅས་བྱེད་ཐུབ།

    (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་མཐའ་འཁྱོངས་བྱས་ཏེ། གནད་དོན་གྱི་སྟོན་ཕྱོགས་དང་། ལག་ལེན་གྱི་སྟོན་ཕྱོགས། དགོས་མཁོའི་སྟོན་ཕྱོགས་བཅས་མངོན་གསལ་དོད་དུ་གཏོང་བ་དང་། བསམ་བློ་དང་ལས་ཀའི་དོན་དངོས་ཟུང་འབྲེལ་དམ་ཟབ་ཀྱིས་སྔར་བས་རང་རྟོགས་ངང་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ལག་ལེན་ལ་མཛུབ་སྟོན་དང་ལས་ཀར་སྐུལ་འདེད་གཏོང་དགོས་ཞེས་བརྗོད་པ་རེད།

    ཚེས་9ཉིན་གྱི་ཕྱི་དྲོ་དང་ཚེས་10ཉིན་གྱི་ཕྱི་དྲོར། ཀྲུའུ་ཝེ་ཏུང་མཚོ་ཤར་གྲོང་ཁྱེར་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་པན་ཡན་གྲོང་ཚོ་དང་ཀྲུང་གོ་གློག་འཕྲིན(རྒྱལ་ཁབ)གྲངས་འཛིན་མཚོ་སྔོན་ལྗང་མདོག་གྲངས་གཞི་ཆེན་པོའི་ལྟེ་གནས་སུ་བསྐྱོད་ནས་ངོ་ཐུག་གདོང་འཕྲད་དང་མཉམ་འགུལ་གྱི་རྣམ་པའི་ཐོག་ནས་སྒྲོག་འགྲེལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།