དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མཐོ་སློབ་ཀྱི་དམིགས་བསལ་རིགས་ཀྱི་སློབ་བསྡུའི་ཐོབ་ཐང་གི་ཞིབ་དཔྱད་ཚད་གཞི་དམའ་རུ་གཏོང་མི་ཆོག་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-11-12

    ཉིན་ཤས་གོང་། སློབ་གསོ་པུས《2026ལོའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་དམིགས་བསལ་རིགས་ཁག་གཅིག་གི་སློབ་བསྡུའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། འབྲེལ་ཡོད་མཐོ་སློབ་ལ་དམིགས་བསལ་རིགས་ཀྱི་སློབ་བསྡུའི་རྒྱུགས་སྤྲོད་སློབ་མའི་མིང་ཐོ་འགོད་པའི་ཐོབ་ཐང་ཞིབ་དཔྱད་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱེད་པ་དང་། འབྲེལ་ཡོད་རིགས་ཀྱི་ཤེས་ལྡན་མི་སྣ་འདེམས་སྒྲུག་གསོ་སྐྱོང་གི་ངེས་གནས་ཁ་གསལ་བཟོ་བ། སློབ་གྲྭ་དེ་གའི་རྒྱུགས་སྤྲོད་མིང་འགོད་ཀྱི་ཆ་རྐྱེན་དང་ཐོབ་ཐང་ཞིབ་དཔྱད་གོ་རིམ་ཚན་རིག་དང་མཐུན་པའི་ངང་གཏན་འཁེལ་བཅས་བྱས་ཏེ། ས་གནས་ཁག་དང་མཉམ་དུ་རྒྱུགས་སྤྲོད་སློབ་མའི་ཐོབ་ཐང་དང་། སློབ་ཐེམ། ཞིང་ཆེན་རིམ་པའི་གཅིག་གྱུར་རྒྱུགས་ལེན། སློབ་གྲྭའི་རྒྱུགས་ལེན། མཐོ་རྒྱུགས་ཐོ་འགོད་སོགས་ཀྱི་ཆ་འཕྲིན་ལ་ཞིབ་དཔྱད་ནན་པོ་བྱས་ནས། རྒྱུགས་སྤྲོད་མིང་འགོད་ཀྱི་ཆ་རྐྱེན་དང་ཐོབ་ཐང་གི་ཞིབ་དཔྱད་ཚད་གཞི་དམའ་རུ་གཏོང་མི་ཆོག་པའི་བླང་བྱ་བཏོན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། དམིགས་བསལ་རིགས་ཀྱི་སློབ་བསྡུའི་ཁྲོད་གཙོ་བོ་སྒྱུ་རྩལ་རིགས་ཀྱི་ཆེད་ལས་སློབ་བསྡུ་དང་། ཆུ་ཚད་མཐོ་བའི་ལུས་རྩལ་རུ་ཁག་གི་སློབ་བསྡུ། འོས་མངགས་སློབ་མ། ཕྱོགས་བསྡུས་གདེང་འཇོག་སློབ་བསྡུ་བཅས་རིགས་བཞི་ཚུད་ཡོད། བརྡ་ཐོའི་ནང་དཔྱད་བསྡུར་མི་སྣ་ཟུར་གཡོལ་ལམ་ལུགས་དང“མིང་ཐོ་ནག་པོའི”ལམ་ལུགས་དང་། དེ་བཞིན་རྒྱུགས་སྤྲོད་སློབ་མ་དང་། རྒྱུགས་ར། དཔྱད་འདེམས་པ་བཅས་སྐབས་བསྟུན་སྒྲིག་འགོད་ཀྱི“སྐབས་བསྟུན་གསུམ”གྱི་ལས་ཀའི་ལམ་སྲོལ་དོན་འཁྱོལ་ནན་པོ་བྱེད་དགོས་པ་དང་། རྩ་དོན་ཐོག་ཞིང་ཆེན་ཕྱི་རོལ་དང་སློབ་གྲྭའི་ཕྱི་རོལ་གྱི་དཔྱད་འདེམས་པའི་བསྡུར་ཚད་ཕྱེད་ཀ་ཡན་ཟིན་དགོས་པའི་བླང་བྱ་བཏོན་ཡོད། དཔྱད་བསྡུར་མི་སྣའི་གདམ་གསེས་དང་གཡོལ་བའི་ལམ་ལུགས་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། དཔྱད་བསྡུར་མི་སྣས་སྦས་སྐུང་རེ་ཞུ་བྱེད་པ་སོགས་རྒྱུགས་ལེན་སློབ་བསྡུའི་དྲང་གཞག་དྲང་བདེན་ལ་འགོག་རྐྱེན་བཟོས་པའི་བྱ་སྤྱོད་ཤེས་རྟོགས་བྱུང་ཚེ། ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་དང་འབྲེལ“མིང་ཐོ་ནག་པོའི”ནང་བཅུག་ནས་དོ་དམ་བྱེད་དགོས་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།