དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་འཐུས་མི་ཚོགས་པས་བརྗོད་དོན།

    མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་འགྱུར་ལྡོག་གི་པེ་ལུན་ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་ཡོང་བར་རྒྱབ་སྐྱོར་བྱེད་ཀྱི་ཡིན།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-11-12

    《མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་འགྱུར་ལྡོག་གི་སྒྲོམ་གཞིའི་སྤྱི་ཆིངས》ཀྱི་སྤྱི་ཆིངས་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་སུམ་ཅུ་པ(COP30)པར་ཙིར་གྱི་གྲོང་ཁྱེར་པེ་ལུན་དུ་འཚོག་ཉེར་ཡོད་ཅིང་། ཉེ་ཆར། ཀྲུང་གོའི་འཐུས་མི་ཚོགས་པས་སྨྱན་སྦྱོར་ལ་ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་ལག་གདང་སྦྲེལ་ནས་པར་ཙིར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་ཡོང་བར་རྒྱབ་སྐྱོར་བྱས་ཏེ། གོ་ལ་ཧྲིལ་པོའི་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་གྱི་ལྡོག་མེད་ཀྱི་དགེ་མཚན་ལྡན་པའི་བརྡ་རྟགས་བཏང་ནས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དྭངས་གཙང་མཛེས་སྡུག་ལྡན་པའི་འཛམ་གླིང་ཐུན་མོང་ཐོག་འཛུགས་སྐྲུན་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    ཀྲུང་གོའི་འཐུས་མི་ཚོཌ་པས་ངོ་སྤྲོད་བྱས་དོན། མིག་སྔར་ཀྲུང་གོ་ཕྱོགས་ཀྱིས《མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་འགྱུར་ལྡོག་གི་སྒྲོམ་གཞིའི་སྤྱི་ཆིངས》དྲུང་ཡིག་ཁྲུའུ་ལ་2035ལོའི་རྒྱལ་ཁབ་ཀྱི་རང་བརྟེན་ལེགས་སྐྱེས(NDC)དམིཌ་ཚད་ཕུལ་ཡོད། ཀྲུང་གོའི་2035ལོའི་NDCདམིགས་ཚད་དང《ཕ་རི་སིའི་གྲོས་ཆོད》ཀྱི་དམིགས་ཚད་དཔེ་བསྡུར་བྱས་ཤིང་། སྲིད་གཞུང་དབར་གྱི་གནམ་གཤིས་འགྱུར་ལྡོག་གི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་དཔྱད་དཔོག་སྙན་ཞུ་ཐེངས་དྲུག་པའི་གནས་ཚུལ་གྱི་ཁྱབ་ཁོངས་དང་མཐུན་པས། དེ་ནི་ཤུགས་ཚད་དང་བློ་སྟོབས་ལྡན་པ་ཞིག་རེད།

    ཀྲུང་གོ་སྐྱེ་ཁམས་ཁོར་ཡུག་པུའུ་ཡི་པུའུ་ཀྲང་ཧོང་རུན་ཆིའུ་ཡིས་བརྗོད་དོན། ཀྲུང་གོའི་2035ལོའི་NDCདམིགས་ཚད་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དཔལ་འབྱོར་ཁྱབ་ཁོངས་ཡོངས་སུ་རྒྱ་སྐྱེད་ཐུབ་པ་དང་དྲོད་ཁང་རླངས་གཟུགས་ཚང་མ་ཚུད་ནས། དྲོད་ཁང་རླངས་གཟུགས་ཀྱི་གྲངས་ཚད་བལྟོས་མེད་ཀྱི་ཕྱིར་འབུད་ཉུང་གཏོང་གི་དམིགས་ཚད་ཐེངས་དང་པོར་བཏོན་པ་ལས་ཆོད་སེམས་དང་ཤུགས་ཚད་ཆེ་ཤོས་མཚོན་ཡོད།

    ཧོང་རུན་ཆིའུ་ཡིས་བརྗོད་དོན། དར་རྒྱས་ཆེ་བའི་རྒྱལ་ཁབ་མང་ཆེ་བ་དྲོད་ཁང་རླངས་གཟུགས་འབུད་ཚད་མཐོ་ཤོས་སུ་སླེབས་པ་ནས་ད་ལྟའི་བར། དུས་ཡུན་ལོ་20ནས་50བར་མི་འདྲ་བ་འགོར་ཡོད་པ་དེ་ཀྲུང་གོའི་རླངས་འབུད་ཚད་གཞི་མཐོ་ཤོས་སུ་སླེབས་རྗེས་ཀྱི་ལོ་5ཙམ་གྱི་ཆག་ཚད་དང་གཅིག་མཚུངས་ཡིན་ཞེས་བརྗོད་མི་རུང་། ད་ཐེངས་ཀྲུང་གོས་ཁས་ལེན་བྱས་པའི་ཆག་ཚད(7%ནས་10%བར)དང་གྲངས་ཚད་བལྟོས་མེད(ཏུན་དུང་ཕྱུར་10ནས་དུང་ཕྱུར་15བར)ཚང་མ་ཡོ་རོབ་དང་མེ་གླིང་རྒྱལ་ཁབ་ཀྱི་དུས་མཚུངས་ཆུ་ཚད་ལས་མངོན་གསལ་དོད་པོས་མཐོ་བ་ཡོད། དེ་དང་ཆབས་ཅིག་ང་ཚོས་ད་དུང་འབད་བརྩོན་བྱས་ནས་དེ་བས་ལེགས་པ་བསྒྲུབ་རྒྱུ་ཡིན་ཞེས་བཏོན་པ་ལས། ཀྲུང་གོའི་ཧུར་བརྩོན་གྱི་རྣམ་འགྱུར་སྔར་བས་མངོན་ཡོད།

    ཧོང་རུན་ཆིའུ་ཡིས་བརྗོད་དོན། ཀྲུང་གོ་ཕྱོགས་ཀྱིས་ད་དུང་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུའི་འཕེལ་རྒྱས་དམིགས་ཚད་བཏོན་ཡོད་དེ། 2035ལོར་སླེབས་སྐབས་རླུང་གློག་དང་ཉི་གློག་གི་གློག་འདོན་འཕྲུལ་འཁོར་ཨ་མའི་གློག་འདོན་ཚད་2020ལོའི་ལྡབ་6ཡན་ཟིན་པར་བྱས་ནས་ཆན་ཝ་དུང་ཕྱུར་36ཟིན་པའི་བརྩོན་ལེན་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།