དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་ཨུ་མོང་རྒྱལ་ཁབ་གསུམ་གྱིས“ལེ་དབར་ཁྲིའི་ཇ་ལམ”གྱི་ཡུལ་སྐོར་མཉམ་ལས་འཕེལ་རྒྱས་འཆར་གཞིར་མིང་རྟགས་བཀོད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-11-12

    ཀྲུང་ཨུ་མོང་རྒྱལ་ཁབ་གསུམ་གྱི་ཡུལ་སྐོར་པུའུ་ཀྲང་གི་ཚོགས་འདུ་ཉེ་ཆར་མོང་གོལ་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཏར་ཧན་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཕྱོགས་གསུམ་པོས《ཀྲུང་ཨུ་མོང་རྒྱལ་ཁབ་གསུམ་གྱི“ལེ་དབར་ཁྲི་ཡི་ཇ་ལམ”གྱི་ཡུལ་སྐོར་མཉམ་ལས་འཕེལ་རྒྱས་འཆར་གཞིར(2025ལོ་ནས་2026ལོ་བར)》མིང་རྟགས་བཀོད་པ་རེད།

    ཀྲུང་ཨུ་མོང་རྒྱལ་ཁབ་གསུམ་གྱི་ཡུལ་སྐོར་སྡེ་ཚན་དང་འབྲེལ་ཡོད་མཐུན་ཚོགས་ཀྱི་འཐུས་མི་ད་ཐེངས་ཀྱི་ཚོགས་འདུར་ཞུགས་ཡོད་པ་རེད། ཕྱོགས་གསུམ་གྱིས་མིང་རྟགས་བཀོད་པའི་གོང་གསལ་གྱི་འཆར་གཞིར་གཞིགས་ནས། ཕྱོགས་གསུམ་ཀས“ལེ་དབར་ཁྲི་ཡི་ཇ་ལམ”གྱི་རིག་གནས་དང་དཔལ་འབྱོར་རིན་ཐང་སྔོག་འདོན་དང“ལེ་དབར་ཁྲི་ཡི་ཇ་ལམ”གྱི་ཡུལ་སྐོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ས་ཁོངས་ཀྱི་ཡུལ་སྐོར་ལས་རིགས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད། ཞིབ་ཕྲའི་བྱ་ཐབས་ནང“ལེ་དབར་ཁྲི་ཡི་ཇ་ལམ”གྱི་ཡུལ་སྐོར་ལམ་ཐིག་དང་ས་ཚིགས་ཐུན་མོང་ཐོག་གསར་སྤེལ་དང་ཁྱབ་གདལ་གཏོང་བ་དང་། ཀྲུང་ཨུ་མོང་རྒྱལ་ཁབ་གསུམ་གྱི“ལེ་དབར་ཁྲི་ཡི་ཇ་ལམ”གྱི་རྒྱལ་སྒྲོལ་འཁོར་ཁྲིད་ཡུལ་སྐོར་གྱི་སྤུས་རྟགས་ཁྱབ་གདལ། “ལེ་དབར་ཁྲི་ཡི་ཇ་ལམ”གྱི་ལམ་རྒྱུད་རྒྱལ་སྒྲོལ་ཡུལ་སྐོར་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་སོགས་ཚུད་ཡོད་པ་རེད།

    ཚོགས་འདུའི་རིང་ད་དུང་ཀྲུང་ཨུ་མོང་རྒྱལ་ཁབ་གསུམ་གྱི་ཡུལ་སྐོར་ཚོང་པའི་གྲོས་མོལ་ཚོགས་འདུ་དང་། “ལེ་དབར་ཁྲི་ཡི་ཇ་ལམ”གྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན། “ལེ་དབར་ཁྲི་ཡི་ཇ་ལམ”གྱི་འཁོར་ཁྲིད་ཡུལ་སྐོར་གྱི་འགོ་ཚུགས་མཛད་སྒོ་སོགས་ཀྱི་བྱེད་སྒོ་སྤེལ་བར་རྒྱལ་ཁབ་གསུམ་གྱི་རིག་གནས་ཡུལ་སྐོར་ཁེ་ལས་དང་ཡུལ་སྐོར་མཐུན་ཚོགས་བཅུ་གྲངས་ལྷག་ཙམ་གྱི་ཡིད་དབང་བཀུག་ནས་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།