དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2025ལོའི་ཀྲུང་ཧྥེའི་དཔལ་འབྱོར་ཚོང་དོན་དང་རིག་གནས་གླེང་སྟེགས་ཀྲེ་ཅང་ཅིན་ཧྭ་རུ་གཉེར་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-11-12

    ཉེ་ཆར། 2025ལོའི་ཀྲུང་ཧྥེའི་དཔལ་འབྱོར་ཚོང་དོན་དང་རིག་གནས་གླེང་སྟེགས་ཀྲེ་ཅང་ཅིན་ཧྭ་རུ་འཚོགས་ཤིང་། རྒྱལ་ཁབ་38ཀྱི་སྐུ་མགྲོན་400ལྷག་ཙམ་གྱིས“དཔལ་འབྱོར་ཚོང་དོན་དར་རྒྱས་དང་། རིག་གནས་ཕན་ཚུན་དཔྱད་གཞིར་འཛིན་པ། རོགས་ཟླའི་དབར་གཉིས་ཕན། དམངས་སེམས་གཅིག་མཐུན”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་སྤེལ་རེས་ཟབ་མོ་དང་མཉམ་ལས་ལྷུག་གླེང་བྱས་པ་རེད། གླེང་སྟེགས་སྐབས《ཀྲུང་གོའི་ཁེ་ལས་ཀྱིས་ཨ་ཧྥེ་རི་ཁར་མ་འཇོག་བྱེད་པའི་སྙན་ཞུ(2025ལོ)》ཡོངས་བསྒྲགས་བྱས་པ་དང་། ཀྲུང་ཧྥེའི་ཞིང་ལས་ཚན་རྩལ་མཉམ་ལས་ཀྱི་སྤེལ་རེས་ཚོགས་འདུ་དང་ཀྲུང་ཧྥེའི་རིག་གནས་དང་ཡུལ་སྐོར་མཉམ་ལས་སྤེལ་རེས་ཚོགས་འདུ་སོགས་ཀྱི་བྱེད་སྒོ་སྤེལ་ནས་ཀྲུང་ཧྥེའི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བར་གར་སྟེགས་དེ་བས་ཆེ་བ་བསྐྲུན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།