ཀྲུང་གོ་དང་ཨ་རིའི་མཛའ་གྲོགས་འགྲོ་འོང་གི་གཏམ་རྒྱུད་འདུ་ཚོགས་ལུའོ་ཧྲན་ཅི་རུ་འཚོགས་པ།
ཉེ་ཆར། “འོད་བརྙན་ཟིན་བཀོད། མཛའ་གྲོགས་ཡུན་གནས”ཀྱི་ཀྲུང་ཨའི་མཛའ་གྲོགས་འགྲོ་འོང་གི་གཏམ་རྒྱུད་འདུ་ཚོགས་ལུའོ་ཧྲན་ཅིར་གཉེར་བ་རེད། ཚོགས་ཞུགས་སྐུ་མགྲོན་གྱིས་བརྙན་པར་བརྩམས་ཆོས་སྦྲེལ་ཟམ་དུ་བྱས་ཏེ་ཀྲུང་ཨའི་དམངས་ཁྲོད་སྤེལ་རེས་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད།
ད་ཐེངས་ཀྱི་བྱེད་སྒོར་ཀྲུང་གོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དང་། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས། ལུའོ་ཧྲན་ཅི་རུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་བཅས་ཀྱིས་མཛུབ་ཁྲིད་བྱས་པ་དང་། ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་དང་། ཧྲའན་ཤིས་ཡུལ་སྐོར་ཚོགས་པ་ཚད་ཡོད་ཀུང་སི། པེ་ཅིང་དགེ་འོས་སློབ་ཆེན། ཨ་རིའི་ཧའེ་ལུན·ཧྥུའུ་སི་ཐེ·སི་ནུའོ་ཐེབས་རྩ་ལྷན་ཚོགས་སོགས་སྒྲིག་གཞིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད།
བྱེད་སྒོའི་ནང་དོན་གཙོ་བོར་ཀྲུང་གོ་དང་ཨ་རིས་མཉམ་དུ་པར་ལེན་བྱས་པའི་དངོས་མཚོན་པར་གཞི《ཀུའུ་ལིང་གི་ཁྱིམ་ཡིག》གོ་ལ་ཧྲིལ་པོར་ཐོག་མར་སྟོན་པའི་མཛད་སྒོ་དང་། ཀྲུང་གོ་དང་ཨ་རིས་མཉམ་དུ་པར་ལེན་བྱས་པའི་དངོས་མཚོན་པར་གཞི《སི་ནུའོ·བསྐྱོད་མ་མྱོང་བའི་ལམ་བུ》ཨ་མེ་རི་ཁ་གླིང་བྱང་མའི་འགྲེམས་སྤེལ་མཛད་སྒོ། ཨ་རིའི་གཞོན་ནུས“ཀྲུང་གོར་ལྟ་བའི”འོད་བརྙན་གཏམ་རྒྱུད་འདུ་ཚོགས་སོགས་ཚུད་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།