བོད་ཀྱི“ས་མཐོའི་སེ་འབྲུ་དམར་པོའི”ལྟ་སྐོར་ཚོགས་པ་ཁག་དྲུག་པས་ནང་སོག་ཏུ་སློབ་སྦྱོང་དང་སྤེལ་རེས་བྱས་པ།
བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། བོད་ཀྱི“ས་མཐོའི་སེ་འབྲུ་དམར་པོའི”གྲངས་ཉུང་མི་རིགས་ཀྱི་ལྟ་སྐོར་ཚོགས་པ་ཁག་དྲུག་པ་ནང་སོག་རང་སྐྱོང་ལྗོངས་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་དུ་སློབ་སྦྱོང་དང་སྤེལ་རེས་བྱེད་པར་བསྐྱོད་པ་རེད། ལྟ་སྐོར་ཚོགས་པ་སྔ་རྗེས་སུ་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་གྱི་འཆར་འགོད་འགྲེམས་སྟོན་ཁང་དང་། དབྱི་ལི་དེང་རབས་རིག་ལྡན་བདེ་ཐང་ཁང་། ནང་སོག་རྩྭ་འདེབས་ལས་རིགས་ལྟེ་གནས་བཅས་སུ་བསྐྱོད་དེ་ཧུའུ་ཧོ་ཧའོ་ཐེ་ཡི་ཐོན་ལས་དར་རྒྱས་དང་། ཚན་རྩལ་གསར་གཏོད། སྐྱེ་ཁམས་སྲུང་སྐྱོང་སོགས་ལ་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ལ་ཤེས་རྟོགས་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།