རྒྱལ་ཡོངས་ཀྱི་ལུས་རྩལ་ཁོངས་གཏོགས་ཀྱི་སྔོན་ཐོན་ལ་གཟེངས་བསྟོད་བྱས་པ།
བོད་ཀྱི་མཉམ་སྡེབ་དང་མི་སྒེར་མང་པོ་ཞིག་ལ་བྱ་དགའ་ཐོབ་པ།

འདི་ནི་གཟེངས་བསྟོད་བྱ་ཡུལ་དུ་རང་ལྗོངས་ཀྱི་སྔོན་ཐོན་འཐུས་མི་ཁག་གཅིག་གིས་མཉམ་པར་རྒྱག་བཞིན་པ།
ཟླ་11ཚེས་10ཉིན། རྒྱལ་ཡོངས་མང་ཚོགས་ལུས་རྩལ་སྔོན་ཐོན་ཚན་པའི་སྔོན་ཐོན་མི་སྒེར་དང་རྒྱལ་ཡོངས་ལུས་རྩལ་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་ཀྱི་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཀོང་ཀྲོའུ་རུ་འཚོགས་པ་དང་རང་ལྗོངས་ཀྱི་སྔོན་ཐོན་གྱི་འཐུས་མི་9གཟེངས་བསྟོད་བྱེད་སྒོར་ཞུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གཟེངས་བསྟོད་བྱེད་སྒོའི་དམིགས་ཡུལ་ནི་2021ལོ་ནས་2024ལོ་བར། རང་རྒྱལ་གྱི་མང་ཚོགས་ལུས་རྩལ་དང་དེ་བཞིན་ལུས་རྩལ་དོ་དམ་ལས་དོན་པར་ཐོབ་པའི་གྲུབ་འབྲས་ཕྱོགས་བསྡོམས་བྱ་རྒྱུ་དེ་རེད། ད་ཐེངས་གཟེངས་བསྟོད་བྱེད་སྐབས། རང་ལྗོངས་ཀྱི་ཚན་པ་25ལ་རྒྱལ་ཡོངས་མང་ཚོགས་ལུས་རྩལ་གྱི་སྔོན་ཐོན་ཚན་པའི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། མི་20ལ་རྒྱལ་ཡོངས་མང་ཚོཌ་ལུས་རྩལ་གྱི་སྔོན་ཐོན་མི་སྒེར་གྱི་གཟི་བརྗིད་མཚན་སྙན་ཐོབ་པ། ཚན་པ་1ལ་རྒྱལ་ཡོངས་ལུས་རྩལ་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ། མི་1ལ་རྒྱལ་ཡོངས་ལུས་རྩལ་ཁོངས་གཏོགས་ཀྱི་སྔོན་ཐོན་མི་སྒེར་གྱི་གཟི་བརྗིད་མཚན་སྙན་ཐོབ་པ་བཅས་རེད།
འབྲེལ་ཡོད་གསར་འགྱུར།