དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་གཞིས་རྩེར་ཕེབས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་དང་ས་མཐོའི་བཟོ་ལས་དཔལ་འབྱོར་དང་དེ་བཞིན་གནོད་འཚེའི་གྱོང་གུན་སླར་གསོའི་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-12

    ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝུའེ་ཤིའུ་ཁྲང་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དང་། ས་སྐྱ་རྫོང་། ལྷ་རྩེ་རྫོང་། གཉའ་ནང་རྫོང་། གཏིང་སྐྱེས་རྫོང་། གམ་པ་རྫོང་བཅས་སུ་ཕེབས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་དང་། ས་མཐོའི་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་དང་དེ་བཞིན་མཐའ་མཚམས་ས་ཁུལ་གྱི་གློག་ཤུགས་དང་འཕྲིན་གཏོང་ལ་གངས་སྐྱོན་གྱི་གནོད་སྐྱོན་དང་སླར་གསོ་སོགས་ཀྱི་ལས་ཀའི་གནས་ཚུལ་ལ་བརྟག་ཞིབ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད།

    བརྟག་ཞིབ་ཚོགས་ཆུང་གིས་ནན་བཤད་གནང་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “དོན་ཆེན་བཞིར”དམིགས་ནས་གནད་དོན་གྱི་སྟོན་ཕྱོགས་དང་། ལག་ལེན་གྱི་སྟོན་ཕྱོགས། དགོས་མཁོའི་སྟོན་ཕྱོགས་བཅས་མཐའ་འཁྱོངས་ཀྱིས་སྒྱུར་བཅོས་ཀྱི་བསམ་གཞིག་ལ་བརྟེན་ནས་ས་མཐོའི་ཐོན་ལས་ཀྱི་འགག་གནད་སེལ་དགོས། ནུས་ལྡན་གྱི་ཁྲོམ་ར་དང་ནུས་བཏོན་གྱི་སྲིད་གཞུང་སྤྱི་འདོམས་ཡག་པོ་བྱེད་པ་དང་། ས་ཁོངས་ཀྱི་ལེགས་ཆར་གཞི་ཚུགས་ནས་རང་ཡུལ་ཅན་གྱི་སྒྱུར་བཀོད་བྱེད་པ། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གི་ཁྱད་ཆོས་ལ་དམིགས་པ། ཁེ་ལས་ལ་སྤེལ་རེས་ཀྱི་མཉམ་ལས་ལས་སྟེགས་ཧུར་ཐག་བསྐྲུན་ཏེ། ཁེ་ལས་ཀྱི་ཞིབ་སྤེལ་དང་། ཐོན་སྐྱེད། ཕྱིར་ཚོང་སོགས་ཀྱི་ལྷུ་ཚིགས་དང་མཐུན་སྦྱོར་བྱེད་པར་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་གཏོང་བ། ཐོན་ཁུངས་མཉམ་སྤྱོད་དང་ལེགས་ཆ་གསབ་རེས་མངོན་འགྱུར་བྱེད་པ། ཐོན་ལས་སྲིད་ཇུས་ལག་ལེན་བསྟར་བའི་ཕན་འབྲས་གནད་ལ་འཁེལ་བའི་སྒོ་ནས་སྦྲེལ་མཐུད་བྱེད་པ། ཐོན་ལས་རིམ་སྤོར་གསར་གཏོད་ལ་སྐུལ་འདེད་གཏོང་བ། ལས་རིགས་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་ཡོང་བར་ཁྲིད་སྟོན་བཅས་བྱས་ནས། བཟོ་ལས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་འཆར་འགོད་བྱས་ཏེ། “བདེ་འཇགས་རྨང་གཞིར་བྱེད་པ་དང་། མགྱོགས་མྱུར་སླར་གསོ་བྱེད་པ། རྨང་གཞི་ཡུན་རིང་བརྟན་དུ་གཏོང་བ”བཅས་དོན་འཁྱོལ་བྱེད་པ་དང་། འཕྲལ་སྡོམ་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ། ཞོར་ཐོན་གནོད་འཚེ་སྔོན་འགོག་ནན་པོ་བྱེད་པ། ཞན་ཆར་དུས་མཉམ་དུ་ཞིབ་བཤེར་བྱེད་པ། གློག་ཤུགས་འཕྲིན་གཏོང་དྲ་རྒྱ་རིམ་སྤོར་བྱེད་པ། དམིགས་བསལ་གནམ་གཤིས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ཞན་ཆ་སེལ་བ། ལམ་སྲོལ་འཛུགས་པ་དང་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། གངས་ལྗོངས་མཐའ་མཚམས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་བདེ་འཇགས་སྲུང་བཅད་བརྟན་པོ་བསྐྲུན་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།