ཁྱད་ལྡན་དམངས་སྲོལ་ལ་བརྟེན་ནས་དགུན་དུས་བོད་དུ་ཡུལ་སྐོར་བྱེད་མཁན་མང་དུ་ཕྱིན་པ།

འདི་ནི་འཁྲབ་སྟོན་པས་ཡུལ་སྐོར་བ་དང་མཉམ་འགུལ་བྱེད་པའི་རྣམ་པ་ཡིན་པ།
སྲོལ་རྒྱུན་རིག་གནས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ཐོག་ཁྱད་ལྡན་དམངས་སྲོལ་ལ་བརྟེན་ནས“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པར”ཤུགས་སྣོན་བརྒྱབ་སྟེ། འཆར་ཉེར་ཡོད་པའི་ཀོང་པོའི་ལོ་གསར་བསུ་ཆེད། ཉེ་ཆར། “ཀོང་པོའི་ལོ་གསར་དགའ་བས་བསུ། དགུན་དུས་བོད་དུ་ཡུལ་སྐོར་བྱེད”——“གྲོང་ཁྱེར་ཆུང་ངུའིTime”ཀོང་པོའི་རིག་གནས་དྲན་ཤེས་མཉམ་སྤྱོད་བྱེད་སྒོ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སུ་སྤེལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱེད་སྒོའི་ཐོག་གླུ་གར་དང་། བཟའ་བཏུང་། རོལ་མོ་སོགས་ཀྱི་ལེ་ཚན་མང་པོ་བཀོད་སྒྲིག་བྱས་ནས་ཀོང་པོའི་ཁྱད་ལྡན་དམངས་སྲོལ་རིག་གནས་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད། བྱེད་སྒོ་སྤེལ་ཡུལ་དུ་ལྟད་མོ་བ་བརྒྱ་ལྷག་འདུས་པ་དང་། ཐད་གཏོང་ལ་ལྟ་མཁན་ཡང་མི་ཐེངས་ཁྲི་4ལྷག་ཟིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།