དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་སྲོལ་ཨུ་ལྷན་གྱིས།

    ཨ་རི་ནས་ཐོན་པའི་ནང་འདྲེན་ཚོང་ཟོག་གི་སྒོ་ཁྲལ་སྣོན་བསྡུའི་བྱ་ཐབས་ལེགས་སྒྲིག་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-11-11

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་སྲོལ་ཨུ་ལྷན་གྱིས་ཟླ་11ཚེས་5ཉིན་སྤྱི་བསྒྲགས་སྤེལ་ཏེ། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་གྲོས་མོལ་ཐད་བྱུང་བའི་གྲུབ་འབྲས་ཀྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱ་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒོ་ཁྲལ་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགག་སྒོའི་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་ཚོང་དོན་བཅའ་ཁྲིམས》སོགས་བཅའ་ཁྲིམས་ཁྲིམས་སྲོལ་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་གཞིར་བཟུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། 2025ལོའི་ཟླ་11ཚེས་10ཉིན་གྱི་ཆུ་ཚོད་13དང་སྐར་མ་01ནས་བཟུང《ཨ་རི་ནས་ཐོན་པའི་ནང་འདྲེན་ཚོང་ཟོག་གི་སྒོ་ཁྲལ་སྣོན་བསྡུ་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་སྲོལ་ཨུ་ལྷན་གྱི་སྤྱི་བསྒྲགས》(ཁྲལ་སྲོལ་ཨུ་ལྷན་གྱི་སྤྱི་བསྒྲགས་2025ལོའི་ཨང་4པ)ནང་གཏན་འབེབས་བྱས་པའི་སྒོ་ཁྲལ་སྣོན་བསྡུའི་བྱ་ཐབས་ལེགས་སྒྲིག་བྱས་ནས། ལོ་གཅིག་ནང་ཨ་རིར་དམིགས་པའི་སྒོ་ཁྲལ་སྣོན་བསྡུའི་ཁྲལ་ཚད་24%མུ་མཐུད་ལག་ལེན་བསྟར་མཚམས་འཇོག་རྒྱུ་དང་། ཨ་རིར་དམིགས་པའི་སྒོ་ཁྲལ་སྣོན་བསྡུའི་ཁྲལ་ཚད་10%སོར་འཇོག་བྱ་རྒྱུ་ཡིན་པ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།