ཁེན་ནི་ཡར་ཡོད་པའི་ཀྲུང་གོའི་ཁེ་ལས་ཀྱི་ལྗང་མདོག་རྫས་ལུད་བཟོ་གྲྭའི་རྣམ་གྲངས་ལས་འགོ་ཚུགས་པ།
ཀྲུང་གོ་ཁའེ་ཧྲན་ཚོགས་པས་མ་འཇོག་དང་། འཛུགས་སྐྲུན། གཉེར་སྐྱོང་བཅས་བྱས་ཤིང་། ལོ་རེར་ལྗང་མདོག་རྫས་ལུད་ཏུན་ཁྲི་48ཐོན་སྐྱེད་དང་དེ་བཞིན་ལེ་ལག་ཚང་བའི་ས་འོག་ཚ་ནུས་གློག་ཁང་རྣམ་གྲངས་ཀྱི་འགོ་ཚུགས་མཛད་སྒོ་ཚེས་3ཉིན་ཁེན་ནི་ཡའི་ནཱ་ཁུའུ་ལུའུ་ཅུན་དུ་འཚོགས་པ་དང་། རྣམ་གྲངས་དེའི་མ་འཇོག་བསྡོམས་འབོར་ཨ་སྒོར་དུང་ཕྱུར་8ཙམ་ཟིན་པ་དང་མཐའ་མའི་ཐོན་རྫས་ནང་ལྗང་མདོག་ཨན་དང་དེ་བཞིན་ལྗང་མདོག་ཨན་རྒྱུ་ཆར་བྱས་ནས་ཐོན་སྐྱེད་བྱས་པའི་གཅིན་རྒྱུ་དང་ཟེ་སྐྱུར་ཨན་ཀལ་ཚུད་ཡོད་པ་དང་། དེ་ནི་ཁེན་ནི་ཡར་ཡོད་པའི་ཀྲུང་གོའི་ཁེ་ལས་ཀྱི་ལྗང་མདོག་རྫས་ལུད་ཐོན་སྐྱེད་རྣམ་གྲངས་ཐོག་མ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།