རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་སྡོད་ཁང་འཛུགས་སྐྲུན་རྣམ་གྲངས་ཁུལ་དུ་ཕེབས་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་དང་གཙོ་གནད་ལས་གྲྭ་འཛུགས་སྐྲུན་ལ་བརྟག་ཞིབ་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ལི་ཡིས་རུ་སྣེ་ཁྲིད་དེ་ལྷ་ས་གྲོང་ཁྱེར་དུ་སྡོད་ཁང་འཛུགས་སྐྲུན་ཁོངས་གཏོགས་སུ་ཕེབས་ནས། གཙོ་གནད་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་ལ་བརྟག་ཞིབ་གནང་བ་མ་ཟད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་ཡང་གནང་བ་རེད།
བརྟག་ཞིབ་ཚོགས་ཆུང་གིས་ནན་བཤད་བྱས་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་དགོས་པ་དང་། ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་གྱི་ཚོགས་འདུའི་བླང་བྱ་གཞིར་བཟུང་། གསར་གཏོད་དང་། གནས་འཕྲོད། མཛེས་མཐུན། མཉེན་ཆ། ཤེས་དཔལ། རིག་ལྡན་བཅས་ཀྱི་དེང་རབས་ཅན་གྱི་མི་དམངས་ཀྱི་གྲོང་ཁྱེར་སྐྲུན་རྒྱུ་དམིགས་ཚད་དུ་བྱས་ཏེ། བདེ་འཇགས་དང་། བག་ཕེབས། ལྗང་མདོག རིག་ལྡན་བཅས་ཀྱི“སྡོད་ཁང་ཡག་པོ”བསྐྲུན་ནས། སྡོད་ཁང་གི་སྤུས་ཚད་ལེགས་གཏོང་ལས་གྲྭ་དང་སྡེ་ལས་ཞབས་ཞུའི་སྤུས་ཚད་མཐོར་གཏོང་བྱ་སྤྱོད་ལག་ལེན་བསྟར་དགོས། ཡག་ཐོག་ཡག་བརྩེགས་ཀྱིས་རང་ལྗོངས་ཀྱི་སྡོད་ཁང་འཛུགས་སྐྲུན་ཁོངས་གཏོགས་ཀྱི་རིགས་ཁག་གི་ལས་གྲྭའི་འཛུགས་སྐྲུན་སྤུས་ཚད་ལ་དམ་འཛིན་ཡག་པོ་བྱས་ནས། བདེ་འཇགས་ཐོན་སྐྱེད་ཀྱི་དམར་ཐིག་ཡག་པོ་སྲུང་དགོས། རང་ལྗོངས་ཀྱི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་གཞི་ནན་ཏན་ངང་ཡག་པོ་འགོད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་དང་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་གཉེར་སྐྱོང་ཆུ་ཚད་མཐོ་རུ་བཏང་སྟེ། “དོན་ཆེན་བཞི”དང“འཛུགས་གཏོད་བཞིའི”ཆེད་དུ་སྡོད་ཁང་འཛུགས་སྐྲུན་ཁོངས་གཏོགས་ཀྱིས་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས།
འབྲེལ་ཡོད་གསར་འགྱུར།