དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་དང་པོ་ནས་བཅུ་པའི་བར་དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་བྱེད་ཚད་3.6%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-11-10

    འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་ལོའི་ཟླ་བ་དང་པོ་ནས་བཅུ་པའི་བར། རང་རྒྱལ་གྱི་དངོས་ཟོག་ཚོང་དོན་མུ་མཐུད་བརྟན་པོའི་ངང་འཕར་བའི་རྣམ་པ་རྒྱུན་མཐུད་ཐུབ་ནས་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་37.31ཟིན་ཏེ་དུས་མཚུངས་ལས་3.6%འཕར་བའི་ནང་། ཕྱིར་གཏོང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་22.12ཟིན་ནས་6.2%འཕར་བ་དང་། ནང་འདྲེན་དངུལ་འབོར་སྒོར་དུང་ཕྱུར་ཁྲི་15.19ཟིན་ནས་ན་ནིང་གི་དུས་མཚུངས་དང་གཞི་རྩའི་ཆ་ནས་སྙོམས་ཡོད་པ་རེད།

    ཟླ་བ་དང་པོ་ནས་བཅུ་པའི་བར། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ནི་རང་རྒྱལ་གྱི་ཚོང་དོན་རོགས་ཟླ་ཆེ་གྲས་དང་པོ་དེ་ཡིན་ཞིང་། རང་རྒྱལ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་གྱི་ཚོང་དོན་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་6.18ཟིན་ནས་9.1%འཕར་ཏེ་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་16.6%བཟུང་ཡོད། དེ་དང་དུས་མཚུངས་རང་རྒྱལ་གྱི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ལ་ཁྱོན་བསྡོམས་ཕྱིར་གཏོང་ནང་འདྲེན་བྱས་པའི་དངུལ་འབོར་སྒོར་དུང་ཕྱུར་ཁྲི་19.28ཟིན་ནས་5.9%འཕར་ཡོད།

    ཟླ་བ་དང་པོ་ནས་བཅུ་པའི་བར། དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་དངུལ་འབོར་སྒོར་དུང་ཕྱུར་ཁྲི་21.28ཟིན་ནས་7.2%འཕར་བ་དེས་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་57%བཟུང་ནས་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་1.9འཕར་ཡོད། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་བཏང་བའི་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་དངུལ་འབོར་སྒོར་དུང་ཕྱུར་ཁྲི་10.91ཟིན་ནས་2.9%འཕར་བ་དེས་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་29.3%བཟུང་བ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།