རང་རྒྱལ་གྱི་སྒྲིག་སྦྱོར་བྱས་པའི་གཞི་ཁྱོན་ཆེ་ཤོས་ཀྱི་མེ་ཤུགས་གློག་ཁང་ནས་གློག་གཏོང་འགོ་ཚུགས་པ།
སྔོན་དཔག་བྱས་ན་ལོ་རེར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་400ལྷག་ཙམ་ཟིན་རྒྱུ་ཡིན་པ།
གསར་འགོད་པས་རྒྱལ་ཁབ་ནུས་རྒྱུ་ཚོགས་པ་ནས་ཤེས་རྟོགས་བྱས་པར། ཆུ་ཚོད་168རིང་ཐེག་ཚད་ཆེ་ཤོས་ཀྱི་ཚོད་ལྟ་འཁོར་སྐྱོད་བྱས་པ་བརྒྱུད། ཀྲེ་ཅང་ཞིང་ཆེན་ཉིང་པོ་གྲོང་ཁྱེར་དུ་གནས་པའི་པེ་ལུན་གློག་ཁང་ཨང་9པའི་ཆན་ཝ་ཁྲི་100ཟིན་པའི་རྡོ་སོལ་འཕྲུལ་ཚན་ནས་བདེ་བླག་ངང་གློག་གཏོང་འགོ་ཚུགས་པ་རེད། དེར་བརྟེན་པེ་ལུན་གློག་ཁང་གི་མེ་ཤུགས་གློག་ཁང་གི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱི་གཞི་ཁྱོན་ཆན་ཝ་ཁྲི་734ཟིན་པ་དང་། སྔོན་དཔག་བྱས་ན། ལོ་རེར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་400ལྷག་ཙམ་ཟིན་ནས་རང་རྒྱལ་གྱི་སྒྲིག་སྦྱོར་བྱས་པའི་གཞི་ཁྱོན་ཆེ་ཤོས་ཀྱི་མེ་ཤུགས་གློག་ཁང་ཞིག་ཏུ་གྱུར་ཡོད།
ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་སོལ་གློག་གི་འཕྲུལ་ཚན་སྒྱུར་བཀོད་རིམ་སྤོར་ལ་རྒྱུན་མཐུད་སྐུལ་འདེད་བཏང་ཡོད། ད་ཐེངས་གློག་གཏོང་འགོ་ཚུགས་པའི་འཕྲུལ་ཚན་ཨང་9པ་ནི་པེ་ལུན་གློག་ཁང་གི་དུས་ཐེངས་དང་པོའི་ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་སྒྱུར་བཀོད་རྣམ་གྲངས་ཀྱི་འཕྲུལ་ཚན་གཉིས་པ་དེ་ཡིན་པ་དང་། དེ་ནི་2023ལོར་འཛུགས་སྐྲུན་བྱེད་འགོ་ཚུགས་པ་ཞིག་རེད། ཚོད་ལྟའི་འཁོར་སྐྱོད་བྱེད་རིང་འཕྲུལ་ཚན་ཨང་9པའི་ཕྲ་རྡུལ་དང་། དབྱང་གཉིས་ཐཱན་འགྱུར། ཏན་དབྱང་འགྱུར་རྫས་བཅས་ཆ་སྙོམས་ཕྱིར་འབུད་ཀྱི་གར་ཚད་རྒྱལ་ནང་གི་དུས་མཚུངས་དང་རིགས་མཚུངས་འཕྲུལ་ཚན་གྱི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། པེ་ལུན་གློག་ཁང་དེ་ནི་མཐའ་འཁོར་སྤྱི་ལེ་ངོས་གྲུ་50ཡི་ས་ཁོངས་ནང་ཚ་ཁུངས་ཆེ་ཤོས་སུ་གྱུར་ཡོད། གློག་ཁང་གིས་ནུས་མང་གསབ་རེས་བྱེད་པར་སྐུལ་འདེད་མགྱོགས་པོ་བཏང་ནས་རླུང་གློག་དང་། འོད་ཤུགས། ནུས་གསོག་གློག་ཁང་བཅས་གསར་སྤེལ་འཛུགས་སྐྲུན་བྱས་ཏེ་ནུས་རྒྱུ་གཙང་མའི་གློག་དེ་བས་མང་བ་གཏོང་ཐུབ་པ་བྱེད་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།