དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • པེ་ཅིང་གླེང་སྟེགས་སྐབས་ཉེར་གཉིས་པ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-11-10

    ཉིན་ཤས་གོང་། པེ་ཅིང་གླེང་སྟེགས་སྐབས་ཉེར་གཉིས་པ་པེ་ཅིང་དུ་འགོ་ཚུགས་ཤིང་། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཆི་ཏེ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྒྱལ་སྤྱིའི་རུའུ་ལུགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་ཧའོ་ཕིང་། སློབ་གསོ་པུའི་པུའུ་ཀྲང་གཞོན་པ་ཞུས་ཆིང་སེན། པེ་ཅིང་གྲོང་ཨུད་ཀྱི་རྒྱུན་ཨུ་དང་སློབ་གསོ་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཡུས་དབྱིན་ཅེ། མི་དམངས་ཉིན་རེའི་ཚགས་པར་གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཧྥང་ཅང་ཧྲན། ཤིན་ཧྭ་གསར་འགྱུར་ཁང་གི་ཧྲེ་ཀྲང་གཞོན་པ་ཀྲུའུ་ཧའེ་ལི། པེ་ཅིང་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཧོ་ཀོང་ཚེ། པེ་ཅིང་སློབ་ཆེན་གྱི་སློབ་སྤྱི་ཀུང་ཆི་ཧོང་སོགས་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།

    སྐབས་འདིའི་གླེང་སྟེགས་ཐོག“ཤེས་དཔལ་འཆམ་མཐུན་དང་མཉམ་དུ་དར་བར་བྱེད། གྲངས་འཛིན་རིག་ལྡན་དུས་རབས་དང་ཤེས་དཔལ་མཉམ་དུ་གནས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། ཚོགས་ཞུགས་སྐུ་མགྲོན་ཚོས་གྲངས་འཛིན་རིག་ལྡན་གྱི་རླབས་རྒྱུན་འོག སློབ་གསོའི་ནུས་པའི་འགག་རྩ་སྔར་བས་ཆེ་རུ་འགྲོ་བཞིན་ཡོད་པས་སློབ་གསོ་གསར་གཏོད་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་འབྱུང་འགྱུར་ལ་ཕན་ཐོགས་པའི་གཞོན་ནུ་ཤེས་ལྡན་པ་གསོ་སྐྱོང་བྱེད་དགོས་པ་དང་སློབ་ཆེན་གྱིས་ཤེས་དཔལ་རྒྱུན་འཛིན་དང་གསར་གཏོད་ཀྱི་འགན་འཁྲི་ཁུར་ཏེ་མི་ཆོས་རིག་གནས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཚན་རྩལ་ཡར་ཐོན་ལ་ཁྲིད་སྟོན་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།