དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གློག་སྒུལ་རླངས་འཁོར་གྱི་གློག་གསོག་སྒྲིག་ཆས་ཁྲི་1800ལས་བརྒལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-11-10

    གསར་འགོད་པར་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་བ་དགུ་པའི་ཟླ་མཇུག་བར་རང་རྒྱལ་གྱི་གློག་སྒུལ་རླངས་འཁོར་གྱི་གློག་གསོག་སྒྲིག་ཆས(གློག་གསོག་མགོ)བསྡོམས་འབོར་ཁྲི་1806.3ཟིན་པ་དེ་དུས་མཚུངས་ལས་54.5%འཕར་ཡོད། དེའི་ནང་མྱུར་བགྲོད་གཞུང་ལམ་གྱི་ཞབས་ཞུའི་ཁུལ་དུ་རིམ་རྩིས་བརྒྱབ་ན་གློག་གསོག་སྒྲིག་ཆས(གློག་གསོག་མགོ)ཁྲི་6.8སྒྲིག་སྦྱོར་བྱས་ཡོད།

    ད་ལོ་ཚུན་དུ་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་སྲིད་ཇུས་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། གློག་གསོག་སྒྲིག་ཆས་ཀྱི་གཞི་ཁྱོན་རྒྱུན་མཐུད་རྒྱ་བསྐྱེད་པ། ལག་རྩལ་ལས་རིགས་གསར་གཏོད་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་བཅས་བྱས་ནས་ནུས་རྒྱུ་གསར་པའི་རླངས་འཁོར་ཁྱབ་གདལ་གཏོང་བར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

    གློག་གསོག་ཞབས་ཞུའི་ནུས་པ་རྒྱུན་མཐུད་ཆེ་རུ་བཏང་ཞིང་། ཟླ་བ་དགུ་པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་སྤྱི་པའི་གློག་གསོག་སྒྲིག་ཆས་ཀྱི་ཚད་བཅད་ནུས་ཚད་བསྡོམས་འབོར་ཆན་ཝ་དུང་ཕྱུར་2ཙམ་ཟིན་པ་དེ་ལོ་འགོ་ལས་59.2%འཕར་བ་དང་། ཆ་སྙོམས་ནུས་ཚད་ཆན་ཝ་44.4ཙམ་ཟིན་པ་དེ་ལོ་འགོ་ལས་26.9%འཕར་ནས་གློག་གསོག་མྱུར་ཚད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།