ཀྲུང་གོའི་འཕྲུལ་མིའི་ཐོན་ལས་ལ་འཕེལ་རྒྱས་ཀྱི་དཔྱིད་དཔལ་བཞད།

འདི་ནི་ཨན་ཧུའེ་ཁྲུའུ་ཀྲོའུ་ཡི་ཆན་ཧྥུའུ་ཉིས་བརྒྱ་ཉི་ཤུ་ཟིན་པའི་ཐན་ཁྲང་གློག་སྒྱུར་ས་ཚིགས་སུ་5Gརིག་ནུས་འཕྲུལ་མིས་སྐོར་ཞིབ་བྱེད་བཞིན་པ། སུང་ཝེ་ཤིང་གིས་པར་བརྒྱབ།
ཀྲུང་གོའི་འཕྲུལ་མིའི་ཐོན་ལས་འཕེལ་རྒྱས་མགྱོགས་མྱུར་འགྲོ་བཞིན་ཡོད་ཅིང་། བཟོ་གྲྭའི་ནང་འཕྲུལ་མི་ཁྲི་200ལྷག་ཙམ་གྱིས་ལས་ཀ་བྱེད་བཞིན་ཡོད་པར། བཟོ་ལས་འཕྲུལ་མིའི་གསོག་འབོར་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད། ན་ནིང་གོ་ལ་ཧྲིལ་པོའི་འཕྲུལ་མིའི་བཟོ་སྐྲུན་ཁྲོད་ཀྲུང་གོའི་གྲངས་འབོར་1/3བར་འཕར་ཡོད།
ཉེ་དུས། འཛམ་གླིང་ས་གནས་ཁག་གི་གསར་འགོད་པས་ཀྲུང་གོའི་འཕྲུལ་མི་དང་མི་ཐབས་རིག་ནུས་ལས་རིགས་ཀྱི་སྒྲིག་གཞིར་ལྟ་སྐོར་བྱས་ཤིང་། འདི་ནི་མི་རྣམས་ཀྱི་ངོས་ནས་བརྗོད་ན་ཉམས་ལེན་བཟང་པོ་ཞིག་རེད། གསར་འགོད་པས་མི་གཟུགས་འཕྲུལ་མི་མི་འདྲ་བ་དག་ཇི་ལྟར་བཟོ་མིན་དང་། དེ་བཞིན་ལས་རིགས་མི་འདྲ་བའི་ཁྲོད་དུ་བཀོད་སྒྲིག་ཇི་ལྟར་བྱས་ནས་མིའི་རིགས་ལ་དཀའ་ཚེགས་ཆེ་བའི་ལས་ཀ་བྱེད་རོགས་བྱེད་པ་དངོས་སུ་མིག་མཐོང་ལག་ཟིན་བྱུང་ཡོད།
མི་གཟུགས་འཕྲུལ་མི་ཁག་གཅིག་བཟོ་གྲྭའི་ནང་བཀོད་སྒྲིག་བྱས་ནས་རྒྱུ་ཆ་འབེབས་འཇུག་སོགས་ཀྱི་བསྐྱར་ཟློས་རང་བཞིན་གྱི་ལས་ཀ་བྱེད་པ་དང་། ཁག་གཅིག་གིས་ཁྲོམ་བཀྱག་ཐོག་འཁྱགས་པ་བྱི་རིལ་བཟོ་བ། ཁག་གཅིག་གིས་ཚོགས་ཁང་གི་སྒོ་འགྲམ་དུ་ཚོགས་ཞུགས་པར་བསུ་བ་ཞུ་བ་དང་སྦྲགས་ཁོང་ཚོའི་དྲི་བར་ལན་འདེབས་པ། ད་དུང་ཁག་གཅིག་གིས་གསོལ་མགྲོན་ཁང་དུ་དངོས་ཟོག་འབེབས་འཇུག་བྱེད་རོགས་བྱེད་པ་དང་འགྲུལ་པར་ཆུ་སྐྱེལ་བ་དང་། དེ་བཞིན་བྱིས་པར་སྒྲུང་ཤོད་པ། ད་དུང་སྐུ་མགྲོན་ལ་རོལ་རྩེད་རྩེ་རོགས་བྱེད་པ། བཟོ་གྲྭ་ཁག་གཅིག་ཏུ་འཕྲུལ་མིས་ཨར་སྐྲུན་འཕྲུལ་ཆས་བཟོ་རོགས་བྱེད་པ་དང་། ཧྲང་ཧའེ་ཀུན་སྤྱོད་ཝུའུ་ལིང་རླངས་འཁོར་བཟོ་གྲྭར་འཕྲུལ་མིས་འཁོར་དབྱིབས་མི་འདྲ་བའི་ལྷུ་ལག་སྒྲིག་བཞིན་ཡོད་པ་རེད།
—— ཕ་ཕུ་ཡ་ཀུའི་ནེ་ཡའི《རྒྱལ་དམངས་ཚགས་པར》གྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།
འབྲེལ་ཡོད་གསར་འགྱུར།