ཀྲུང་གོས་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་གྲོས་འགོ་བཏོན་པ།
ཀྲུང་གོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཁྱབ་ཁོངས་ཀྱི་གོ་ལ་ཧྲིལ་པོའི་འགོ་ཁྲིད་པའི་གཟུགས་བརྙན་ལེགས་སུ་གཏོང་བར་གཞོལ་བཞིན་ཡོད།
2015ལོར་ཀྲུང་གོས་གནམ་གཤིས་འགྱུར་ལྡོག་གི་ལྷོ་ལྷོ་མཉམ་ལས་ཐེབས་རྩ་འཛུགས་པའི་ཁྱབ་བསྒྲགས་བྱས་པ་དང་འབྲེལ། “བཅུ་བརྒྱ་སྟོང”གི་རྣམ་གྲངས་བརྒྱུད། རྒྱལ་སྤྱིའི་གནམ་གཤིས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཡོད། རྣམ་གྲངས་དེས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཏུ་ཐཱན་ཉུང་དཔེ་སྟོན་ཁུལ་10འཛུགས་རྒྱུ་དང་། གནམ་གཤིས་འགྱུར་ལྡོག་ཇེ་དལ་དུ་གཏོང་བ་དང་དེར་འཚམ་པའི་རྣམ་གྲངས་100སྤེལ་རྒྱུ། དེ་བཞིན་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་མཁན་1000གསོ་སྦྱོང་བྱེད་པའི་ཁས་ལེན་བྱས་པ་རེད།
གཞན་ཡང་། ཀྲུང་གོས་ད་དུང་བྱེད་ཐབས་མང་པོ་ཁྱབ་བསྒྲགས་བྱས་པའི་དམིགས་ཡུལ་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོའི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་བརྒྱུད། གནམ་གཤིས་འགྱུར་ལྡོག་མཉམ་ལས་ཟབ་ཏུ་གཏོང་ཆེད་རེད། དཔེར་ན། ཀྲུང་གོས་2022ལོར“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་། ལྷག་པར་དུ་ལྗང་མདོག་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་དང་ལྗང་མདོག་ནུས་རྒྱུའི་མཉམ་ལས་སོགས་ཁྱབ་ཁོངས་སུ་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད་པ་ལྟ་བུ་རེད།
མིག་སྔར་ཀྲུང་གོ་སྲིད་གཞུང་གི་སྡེ་ཚན་མང་པོས་གནམ་གཤིས་འགྱུར་ལྡོག་ལ་ལྟ་ཞིབ་ཚད་ལེན་བྱེད་བཞིན་ཡོད། འབྲེལ་ཡོད་དམངས་འདོད་བརྟག་དཔྱད་ལས་མངོན་པ་ལྟར་ན། གནམ་གཤིས་འགྱུར་ལྡོག་གི་གལ་ཆེའི་རང་བཞིན་ཐད་ཀྱི་ཀྲུང་གོའི་སྤྱི་དམངས་ཀྱི་ངོས་འཛིན་ཉིན་རེ་བཞིན་ཟབ་ཏུ་འགྲོ་བཞིན་ཡོད་པ་རེད།
—— ཡོ་རོབ《དེང་རབས་ཕྱི་འབྲེལ》གྱི་དྲ་ཚིགས་ནས་གནས་ཚུལ་སྤེལ་བ་གཞིར་བཟུང་།
འབྲེལ་ཡོད་གསར་འགྱུར།