གཞིས་རྩེ་གྲོང་ཁྱེར་གྱི་མང་ཚོགས་ཁྲི་2.53གེགས་རྗེས་ཁྱིམ་གཞིས་བསྐྱར་སྐྲུན་ནང་ཞུགས་པར་ཡོང་འབབ་སྒོར་དུང་ཕྱུར་2ལྷག་ཙམ་བྱུང་བ།
གསར་འགོད་པར་ཉེ་ཆར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། དིང་རིར་ས་ཡོམ་རིམ་པ་6.8བརྒྱབ་རྗེས་ཀྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་བྱེད་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་རྒུད་གསབ་ལས་སྤྲོད་ཀྱི་གཙོ་གནད་རྣམ་གྲངས་ཁག་192སྤྱི་འདོམས་ལག་ལེན་བསྟར་ཞིང་། རིམ་རྩིས་བརྒྱབ་ན་མང་ཚོགས་ཁྲི་2.53ཁྱིམ་གཞིས་བསྐྱར་སྐྲུན་ནང་ཞུགས་པར་ཡོང་འབབ་སྒོར་དུང་ཕྱུར་2.46བྱུང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། དིང་རིར་ས་ཡོམ་རིམ་པ་6.8བརྒྱབ་རྗེས་གཞིས་རྩེ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དེ། གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཤིང་། རྫོང་དང་ཆུས་ཁག་གིས་མང་ཚོགས་ཀྱི་ལས་ཞུགས་དགོས་མཁོ་དང་གནད་སྨིན་སྦྲེལ་མཐུད་བྱས་པའི་ཁར། ལས་མི་སྤྱོད་པའི་མཐུན་སྦྱོར་ལམ་སྲོལ་བཙུགས་ནས“ཡུལ་གཞན་དུ་ལས་ཞུགས་ཐུབ་པ”ནས“རང་ས་རང་ཡུལ་དུ་ལས་ཞུགས་ཐུབ་པའི”བར་འགྱུར་ལྡོག་ཡོང་བར་སྐུལ་འདེད་བཏང་སྟེ། མང་ཚོགས་རང་ཉིད་ཀྱི་སྒོ་འགྲམ་དུ“ལས་ཀ་བྱ་རྒྱུ་ཡོད་པ་དང་། ཡོང་འབབ་གསོག་རྒྱུ་ཡོད་པ། རེ་བ་བསྒྲུབ་རྒྱུ་ཡོད་པ”བཅས་ཀྱི་འགན་ལེན་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།