ཏང་ལ་བསྟོད་གླུ་འབུལ། རྒྱང་ལམ་གསར་པར་སྐྱོད།

ཉེ་ཆར། “ས་གཞི་ཆེན་པོར་གླུ་ལེན་གར་འཁྲབ་དང་སྐལ་བཟང་མེ་ཏོག་གི་འཁྲབ་སྟོན་དུས་ཚིགས”ཞེས་པའི་ལྗོངས་ཡོངས་ཀྱི་རྫོང(ཆུས)སྒྱུ་རྩལ་ཚོགས་པའི་རིག་རྩལ་སྐོང་འཁྲབ་དེ་བོད་ལྗོངས་ཟློས་གར་ཁང་ཆེ་མོར་འགོ་ཚུགས་པ་རེད། འཁྲབ་སྟོན་ནང་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་དང་སྲོལ་རྒྱུན་གྱི་གླུ་གར་སོགས་རིག་གནས་ཀྱི་གཞི་རྒྱུ་འདུས་ནས་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཏང་གི་བཀའ་དྲིན་ཚོར་བའི་བསམ་པ་དང་། ཕ་ཡུལ་ལ་དགའ་ཞེན། ཡར་རྒྱས་བརྩོན་ལེན་གྱི་བསམ་པའི་ཉམས་འགྱུར་བཅས་གཅིག་སྡུད་ཐོག་མངོན་པར་བྱས་ཏེ། ས་ཡུལ་དངོས་ཀྱི་ལྟད་མོ་བར་མི་སེམས་སུ་ལྷག་པར་ཟུག་པའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་རེད། འདི་ནི་འཁྲབ་སྟོན་བྱ་ཡུལ་ཡིན་པ།
འབྲེལ་ཡོད་གསར་འགྱུར།