དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱིས་ཀྲུང་གོའི་གསར་འགོད་པའི་དུས་ཆེན་ཐེངས་26པར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-10

    ཀྲུང་གོའི་གསར་འགོད་པའི་དུས་ཆེན་ཐེངས་26པ་འཆར་ཉེའི་མཚམས་སུ་རང་སྐྱོང་ལྗོངས་གསར་འགྱུར་ལས་དོན་པའི་མཐུན་ཚོགས་ཀྱིས“ཕྱར་བ་གྲུ་འདེགས། འགན་འཁྲི་མཉམ་གླེང”གི་གསར་འགོད་པའི་དུས་ཆེན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས། ཀྲུང་གོའི་གསར་འགྱུར་བྱ་དགའ་སྐབས་སོ་ལྔ་པའི་བྱ་དགའ་སྤྲོད་པའི་སྙན་ཞུའི་ཚོགས་འདུའི་དགོངས་དོན་དང་། དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་དྲིལ་བསྒྲགས་ཁོངས་གཏོགས་དང་སྨྱན་སྦྱོར་གཙོ་བོའི་འགན་འཁུར་བློ་མཐུན་གྱིས་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། ལོ་གཅིག་རིང་ལྗོངས་ཡོངས་ཀྱི་གསར་འགྱུར་འཐབ་ཕྱོགས་སུ་ཐོན་པའི་སྔོན་ཐོན་དཔེ་མཚོན་ལ་གཟེངས་བསྟོད། གསར་འགྱུར་གླེང་ཕྱོགས་ལས་དོན་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕྱོགས་སྡོམ་དང་གསེད་བཀྲོལ་བཅས་བྱས་པ་མ་ཟད། “ལོ་ལྔ་ཚན་བཅོ་ལྔ་པའི”དུས་སྐབས་ཀྱི་ལྗོངས་ཡོངས་ཀྱི་གསར་འགྱུར་གླེང་ཕྱོགས་ལས་དོན་ལ་སྐུལ་སློང་དང་བཀོད་སྒྲིག་ཀྱང་བྱས་པ་རེད།

    ཚོགས་འདུའི་ཐོག་2025ལོའི་བསླབ་རྒན་གསར་འགྱུར་ལས་དོན་པའི་མཚན་སྙན་ལག་ཁྱེར་དང་རྟགས་མ་ཐོབ་མཁན་གྱི་མཚན་ཐོ་སྒྲོག་སྦྱངས་བྱས་ཁར། འབྲི་ཆུ་ཐའོ་ཧྥེན་བྱ་དགའ་ཐོབ་མཁན་གྱི་འཐུས་མི་དང་ཀྲུང་གོའི་གསར་འགྱུར་བྱ་དགའ་ཐོབ་མཁན་གྱི་འཐུས་མིས་སྤེལ་རེས་གཏམ་བཤད་ཀྱང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།