མེ་ཟོན་ཤེས་བྱ་སློབ་སྦྱོང་བྱས། རྒྱལ་ཡོངས་མེ་ཟོན་ཉིན་མོ་བསུ།

འདི་ནི་ཅང་སུའུ་ཞིང་ཆེན་ཧྭའེ་ཨན་གྲོང་ཁྱེར་ཧུང་ཙེ་ཚོད་ལྟའི་སློབ་ཆུང་དུ་སློབ་མས་སྤྲོ་འཕེལ་མེ་ཟོན་འཕུར་སྐྱོད་མིག་མངས་ཀྱི་རོལ་རྩེད་ཉམས་ལེན་བྱེད་བཞིན་པ།

འདི་ནི་ཀྲེ་ཅང་ཞིང་ཆེན་ཀྲུའུ་ཅི་གྲོང་ཁྱེར་ཐའོ་ཀྲུའུ་ཁྲོམ་གཞུང་ཚོང་ལས་ཕྱོགས་བསྡུས་སྒྲིག་གཞིའི་གཅེས་སྐྱོང་ཞབས་ཞུ་ས་ཚིགས་སུ་དང་བླངས་པས་གྲོང་མི་རྣམས་ལ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་འགོག་ཟོན་དང་མེ་ཟོན་བདེ་འཇགས་ཤེས་བྱ་སོགས་ཀྱི་དྲིལ་བསྒྲགས་ཡི་གེ་སྤྲོད་བཞིན་པ།

འདི་ནི་ཧྲན་ཏུང་ཞིང་ཆེན་ལིན་དབྱི་གྲོང་ཁྱེར་ཐན་ཁྲེང་རྫོང་ཚོད་ལྟའི་སློབ་ཆུང་ལྔ་པར་ན་ཆུང་སློབ་མ་རྣམས་ཀྱིས་མེ་ཟོན་རོགས་སྐྱོབ་པའི་རོགས་རམ་འོག་མེ་ཟོན་འགོག་སྲུང་གྱོན་ཆས་ལ་ཉམས་ལེན་བྱེད་བཞིན་པ།
ཟླ་11ཚེས་9ཉིན་ནི་རྒྱལ་ཡོངས་མེ་ཟོན་ཉིན་མོ་ཡིན་པས། ས་གནས་ཁག་གིས་མེ་ཟོན་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཕུན་སུམ་ཚོགས་པོ་སྤེལ་ནས་མི་རྣམས་ཀྱི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་དང་རང་སྲུང་རང་སྐྱོབ་ཀྱི་འཇོན་ཐང་ཆེ་རུ་བཏང་བ་རེད།
འབྲེལ་ཡོད་གསར་འགྱུར།