དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2025ལོའི་འཛམ་གླིང་མཉམ་འབྲེལ་དྲ་རྒྱའི་ཚོགས་ཆེན་གྱི་ཝུའུ་ཀྲེན་དབུ་ཚོགས་འགོ་ཚུགས་པ།

    ལི་ཧྲུའུ་ལེ་འགོ་ཚུགས་མཛད་སྒོར་ཞུགས་ནས་གཙོ་དོན་གསུང་བཤད་གནང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-11-09

    ཤིན་ཧྭ་གསར་འགྱུར་ཁང་ཧང་ཀྲོའུ་ནས་ཟླ་11ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་2025ལོའི་འཛམ་གླིང་མཉམ་འབྲེལ་དྲ་རྒྱའི་ཚོགས་ཆེན་གྱི་ཝུའུ་ཀྲེན་དབུ་ཚོགས་ཀྲེ་ཅང་ཝུའུ་ཀྲེན་དུ་འགོ་ཚུགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ལི་ཧྲུའུ་ལེ་འགོ་ཚུགས་མཛད་སྒོར་ཞུགས་ནས་གཙོ་དོན་གསུང་བཤད་གནང་བ་རེད།

    ཀྲུང་ཕྱིའི་སྐུ་མགྲོན་གྱིས་བརྗོད་དོན། ལོ་10ཡི་གོང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསར་གཏོད་རང་བཞིན་གྱི་སྒོ་ནས་དྲ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་བཏོན་གནང་ནས་མཉམ་འབྲེལ་དྲ་རྒྱའི་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་ལག་གདང་སྦྲེལ་ནས་མཉམ་འབྲེལ་དྲ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཉེ་ཆར་མཇུག་འགྲིལ་མ་ཐག་པའི་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག འབྱུང་འགྱུར་ལོ་ལྔའི་རིང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་དེ་མཉམ་འབྲེལ་དྲ་རྒྱའི་ཁྱབ་ཁོངས་ཀྱི་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པར་འཛམ་གླིང་གི་མཉམ་འབྲེལ་དྲ་རྒྱ་འཕེལ་རྒྱས་ལ་གོ་སྐབས་གསར་པ་དེ་བས་མང་བ་ཐོབ་ངེས་རེད།

    ཀྲུང་ཕྱིའི་སྐུ་མགྲོན་གྱིས་ངོས་འཛིན་བྱས་དོན། གསར་གཏོད་དང་འཕེལ་རྒྱས་སྒུལ་ཤུགས་སུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གསོན་ཤུགས་འཕེལ་བའི་གྲངས་འཛིན་དཔལ་འབྱོར་སྐྱེད་སྲིང་བྱས་ཏེ་གྲངས་འཛིན་ལག་རྩལ་དང་ཉེར་སྤྱོད་ཁྱབ་གདལ་ལ་སྐུལ་འདེད་གཏོང་དགོས་པ་དང་། ཐུན་མོང་གི་བདེ་འཇགས་རྨང་གཞིར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སྤེལ་རེས་དང་སྐད་ཆ་ཤོད་རེས་ལ་ཤུགས་སྣོན་བརྒྱབ་སྟེ་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་དང་ཞི་བདེ་བརྟན་ལྷིང་གི་དྲ་རྒྱའི་བར་མཐོངས་གཏོད་དགོས་པ། མི་ཆོས་རིག་གནས་སྤེལ་རེས་འབྲེལ་ཐག་ཏུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གྲངས་རིག་ལག་རྩལ་གྱིས་ཤེས་དཔལ་རྒྱུན་འཛིན་དང་གསར་གཏོད་ལ་མཐུན་རྐྱེན་སྦྱར་ཏེ་མཛེས་ཀུན་གཅིག་ཏུ་འདུས་པའི་བསམ་པའི་ཁྱིམ་གཞིས་སྐྲུན་དགོས་པ། མཐུན་སྦྱོར་བཅོས་སྐྱོང་བྱ་རྒྱུ་གཞི་རྟེན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཁག་གི་དྲ་རྒྱའི་བདག་དབང་དང་། འཕེལ་རྒྱས་ཀྱི་བགྲོད་ལམ། བཅོས་སྐྱོང་བྱེད་སྟངས་བཅས་ལ་བརྩི་འཇོག་བྱས་ཏེ། དྲང་གཞག་དང་ལུགས་མཐུན་གྱི་བཅོས་སྐྱོང་མ་ལག་གཏོད་དགོས།

    སྐབས་འདིའི་དབུ་ཚོགས་ཀྱིས“སྒོ་དབྱེ་མཉམ་ལས་དང་བདེ་འཇགས་དང་ཀུན་ཕན་གྱི་གྲངས་རིག་གི་འབྱུང་འགྱུར་མཉམ་དུ་གཏོད། ལག་གདང་སྦྲེལ་ནས་དྲ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། གྲངས་འཛིན་དཔལ་འབྱོར་དང་རིག་གནས་ཤུལ་བཞག་གྲངས་གཞི་ཅན་སྲུང་སྐྱོང་དང་རྒྱུན་འཛིན་སོགས་ཀྱི་གྲོས་གཞིར་དམིགས་ནས། ཡན་ལག་གླེང་སྟེགས་ཐེངས་24འཚོག་རྒྱུ་རེད། རྒྱལ་ཁབ་དང་ས་ཁུལ་130ལྷག་ཙམ་ནས་ཡོང་བའི་སྐུ་མགྲོན་1600ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།