ཆུ་བེད་པུས་ཚད་གཞི་ཡོངས་བསྒྲགས་བྱས་ནས་ཆུ་བོ་དང་མཚེའུ་ཡི་དོ་དམ་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཟླ་11ཚེས་6ཉིན་ཆུ་བེད་པུའུ་ནས་ཤེས་རྟོགས་བྱུང་བར། ཆུ་བོ་དང་མཚེའུ་ཡི་དོ་དམ་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་རྒྱལ་ཁབ་ཀྱི་ཆུ་བེད་བདེ་འཇགས་འགན་ལེན་བྱ་ཆེད། ཉེ་ཆར། ཆུ་བེད་པུས《ཆུ་བོ་དང་མཚེའུ་ཡི་དོ་དམ་ཁྱབ་ཁོངས་དབྱེ་འབྱེད་གཏན་འབེབས་ཀྱི་ལག་རྩལ་ཚད་གཞི》ཆོག་མཆན་སྤྲད་ནས་ཡོངས་བསྒྲགས་བྱས་པ་དང་། ཚད་གཞི་དེ་2026ལོའི་ཟླ་བ་དང་པོའི་ཚེས་28ཉིན་ནས་ལག་ལེན་བསྟར་རྒྱུ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ཆུ་བེད་ལས་རིགས་ཀྱི་ཚད་འཛིན་ས་ཡིན་པའི་ངོས་ནས་ཚད་གཞིའི་ནང་བསྡོམས་ས་བཅད་7དང་ཞར་བྱུང་3ཡོད་པ་དང་། དེའི་ནང་གཙོ་བོ་གཞི་རྩའི་ཚད་གཞི་དང་། དཔྱད་ཡིག་འཚོལ་བསྡུ་དང་རྨང་གཞིའི་རི་མོ་འབྲི་བ། ཆུ་བོ་དང་མཚེའུ་ཡི་དོ་དམ་ཁྱབ་ཁོངས་དབྱེ་འབྱེད་གཏན་འབེབས། ཆུ་བོ་དང་མཚེའུ་ཡི་ཁྱབ་ཁོངས་ངོས་འཛིན། དབྱེ་འབྱེད་གཏན་འབེབས་བྱས་འབྲས་ལེགས་སྒྲིག་བྱས་ནས་ཡིག་ཚགས་ཀྱི་ཁོངས་སུ་འཇུག་པ་སོགས་ཚུད་པ་དག་ཆུ་བོ་དང་མཚེའུ་ཡི་དོ་དམ་ཁྱབ་ཁོངས་ཀྱི་དབྱེ་འབྱེད་གཏན་འབེབས་ལས་དོན་ཐད་སྤྱོད་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།